དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་32940ཞིབ་བཤེར་ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-31

    ཚེས་27ཉིན། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ད་ལོའི་ཟླ་9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱོགས་བསྡུས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། བརྡ་ཁྱབ་ལས་མངོན་པར། ཟླ་9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་32940ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་40122ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ནང་མི་28461ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།

    བརྡ་ཁྱབ་ལ་གཞིགས་ན། ཟླ་9པར། རང་འགན་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་འདེགས་ཞུ་བར་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། བྱས་རྗེས་འཇོག་ཁུལ་བྱེད་པ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི་གནད་དོན་ཁྱོན་ཁག་14475ལ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བསྡོམས་འབོར་གྱི་83.7%བཟུང་ཡོད། ཞིབ་བཤེར་ཐག་གཅོད་བྱས་པའི་ནང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྟེན་སྒྲིག་འགལ་ངང་སྤྲོད་ལེན་དང་། སྒྲིག་འགལ་ངང་ཟ་བཏུང་དང་ཕོགས་སྣོན་ཁ་གསབ་དམ་ཡང་ན་ཕན་བདེའི་གྲོན་དངུལ་སྤྲད་པའི་གནད་དོན་རིགས་གསུམ་གྱིས་ཟླ་དེར་ཞིབ་བཤེར་ཐག་གཅོད་བྱས་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་སྤྱོད་ཚུལ་གནད་དོན་བསྡོམས་འབོར་གྱི་63.4%དང་། 18.2% 10.7%བཅས་ཁག་སོ་སོར་བཟུང་ཡོད་པ་རེད།

    བརྡ་ཁྱབ་ལས་མངོན་པར། ཟླ་9པར་རྒྱལ་ཡོངས་སུ་ཁྱོན་ས་ཁུལ་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་129དང་། རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་1808 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་ཁག་31003བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། དེའི་ནང་ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་94.1%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།