དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་རླུང་འོད་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་20ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-31


    འདི་ནི་ཉིང་ཞ་ལིང་ཝུའུ་ཉིང་ཏུང་གྲོང་རྡལ་གྱི་ཆན་ཝ་ཁྲི་200ཟིན་པའི་ཉིང་ཏུང་མཉམ་བསྲེས་འོད་ཤུགས་རྟེན་གཞི་ཡིན་པ།

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་9པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་41.3ཟིན་ཏེ་དུས་མཚུངས་ལས་11.2%འཕར་ཡོད། དེའི་ནང་རླུང་གློག་དང་ཉི་གློག་གི་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་དུང་ཕྱུར་20.1ཟིན་པ་ལས་རླུང་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་7.0ཟིན་ཏེ་དུས་མཚུངས་ལས་20.4%འཕར་བ་དང་ཉི་གློག་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་13.1ཟིན་ཏེ་དུས་མཚུངས་ལས་16.5%འཕར་ཡོད།

    ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་རླུང་འོད་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་19333ཟིན་ཏེ་ན་ནིང་གི་དུས་མཚུངས་ལས་ཆུ་ཚོད་ཆན་ཝ་དུང་ཕྱུར་1937འཕར་བ་དང་རླུང་འོད་ཀྱི་གློག་གཏོང་འཕར་ཚད་ཀྱིས་སྤྱི་ཚོགས་ཡོངས་ཀྱི་གསར་དུ་འཕར་སྣོན་བྱུང་བའི་གློག་སྤྱོད་ཚད་ཀྱི་64%བཟུང་ཡོད། ནུས་རྒྱུ་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ནུས་རྒྱུའི་ཁྱབ་ཁོངས་སུ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་དང་། རླུང་འོད་་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་20ལྷག་ཙམ་ཟིན་པ་དེས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལྗང་གློག་དེ་བས་འདང་ངེས་ཡོང་བའི་འགན་ལེན་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།