2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ཉིང་ཁྲིར་གཉེར་བ།
ཟླ་10ཚེས་24ནས་26ཉིན་བར། 2026ལོའི་བོད་རང་སྐྱོང་ལྗོངས་ཀྱི་བྲག་འཛེག་ལེགས་སྐྱེས་འགྲན་བསྡུར་ཉིང་ཁྲིའི་ས་མཐོའི་སྦྱོང་བརྡར་རྟེན་གཞིར་གཉེར་ཞིང་། འགྲན་བསྡུར་ཉིན་3བྱས་པ་བརྒྱུད། དར་མའི་ཚོགས་ཆུང་དང་ལོ་14མན་གྱི་ཚོགས་ཆུང་གཉིས་ཀྱི་འགྲན་བསྡུར་རྣམ་གྲངས་10ཡི་ཨང་རིམ་ཆ་ཚང་ཐོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་། རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས། ཉིང་ཁྲི་གྲོང་ཁྱེར་སློབ་གསོ(ལུས་རྩལ)ཅུས་བཅས་ཀྱིས་གཉེར་འགན་འཁུར་ཡོད། འགྲན་བསྡུར་ལ་དར་མའི་ཚོགས་ཆུང་དང་ལོ་14མན་གྱི་ཚོགས་ཆུང་བཙུགས་ཡོད་ཅིང་། དེའི་ནང་དར་མའི་ཚོགས་ཆུང་ལ་སྐྱེས་པ་དང་བུད་མེད་ཀྱི་བྲག་འཛེག་འགྲན་བསྡུར་དང་། དཀའ་ཚད་འགྲན་བསྡུར། མྱུར་ཚད་འགྲན་བསྡུར་བཅས་བཀོད་སྒྲིག་བྱས་ཡོད་པ་དང་། ལོ་14མན་གྱི་ཚོགས་ཆུང་ལ་བུ་དང་བུ་མོའི་དཀའ་ཚད་འགྲན་བསྡུར་དང་མྱུར་ཚད་འགྲན་བསྡུར་བཀོད་སྒྲིག་བྱས་ཡོད། ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ནག་ཆུ། མངའ་རིས་བཅས་གྲོང་ཁྱེར(ས་ཁུལ)6གི་འཐུས་མིའི་རུ་ཁག་དང་སློབ་གླིང་དང་། ལུས་རྩལ་སློབ་གྲྭ སྤྲོ་སྐྱིད་ཁང་སོགས་ཀྱིས་རུ་ཁག་བཙུགས་ནས་འགྲན་བསྡུར་ལ་ཞུགས་པར་ཁྱོན་འཐུས་མིའི་རུ་ཁག་12དང་ལུས་རྩལ་པ་58ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།