དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “རིག་པ་དེ་བས་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-31

    ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་འདེགས་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་བཀག་རྡོ་ལྟ་བུ་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་བཟོད་པ་དང་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་རེད།

    “རིག་པ་དེ་བས་དྭངས་གསལ་དང་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས”ཞེས་ད་ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུངས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རང་རེའི་ཏང་གིས་རྩ་ལག་མཉམ་བཅོས་དང་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུར་གྲུབ་འབྲས་ཐོབ་པའི་ངང་བསྐྱོད་ཡོད། “ལམ་བུ་དེར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས”ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཁག་ཁྲི་80ཐོ་འགོད་བྱས་པ་དང་མི་ཁྲི་68ལ་ཆད་པ་བཅད་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ནམ་ཡང་གདོང་མཆོང་གི་དུང་བརྡ་བཏང་ཡོད།

    —— ངེས་པར་དུ་དམ་བསྒྲགས་ཀྱི་རྣམ་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས།

    རུལ་སུངས་ཀྱི་གནད་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྣམ་འགྱུར་བརྟན་པོའི་སྒོ་ནས“གལ་ཏེ་རུལ་སུངས་གང་སར་མཆེད་དུ་བཅུག་ཚེ། དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཐེབས་པ་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་ཐོན་ནས་ཏང་གི་སྲིད་སྐྱོང་རྨང་གཞིར་གཡོ་འགུལ་ཐེབས་ངེས་རེད”ཅེས་ནན་བཤད་གནང་ཡོད།

    ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་ནི་བྱེད་ཐེངས་གཅིག་ལ་གྲུབ་པའི“དུས་ཐུང་དམག་འཐབ”ཅིག་གཏན་ནས་མིན་པར་སྙིང་རུས་གཏན་འཁྱོངས་བྱེད་པའི“རྒྱུན་སྲིང་དམག་འཐབ”ཅིག་རེད།

    “མིག་སྔར་རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཐོན་སླ་བ་དང་མང་པོ་ཐོན་གྱི་ཡོད། ངེས་པར་དུ་དམ་བསྒྲགས་ཀྱི་རྣམ་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་བྱེད་དགོས། རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་བྱེད་མཁན་ཡོད་ཚེ་ངེས་པར་དུ་གཙང་སེལ་བྱེད་པ། ངན་པ་ཚར་གཅོད་བཅས་མཐའ་འཁྱོངས་བྱས་ནས་རུལ་སུངས་བར་གབ་ས་མེད་པ་བཟོ་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་ཡོད།

    དམངས་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་རེད། “མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་དུས་རྒྱུན་དུ་ནས་དམ་འཛིན་བྱས་ཏེ་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱེད་དགོས”

    ཀོང་ཤིས་ཕིང་ལེ་རྫོང་ཆའོ་ཐིང་ཤང་ཧྲོང་ཆའོ་གྲོང་ཚོའི་ཡུལ་མི་ཚོས“ཚང་མའི་སེམས་པ་སླར་ཡང་གཅིག་ཏུ་སྒྲིལ་སོང”ཞེས་སེམས་འགུལ་ཐེབས་བཞིན་བཤད། དེ་གོང་གྲོང་ཚོས་མཉམ་སྡེབ་རི་ཀླུང་བོགས་མར་བཏང་བ་དང་ཕྱིས་སུ་ཡུལ་མི་ཚོས་རྩིས་ཐོ་ཏག་ཏག་བསྡད་མེད་པ་ཤེས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་གྲོང་ཚོར་བསྐྱོད་དེ་ཞིབ་བཤེར་བྱས་པ་བརྒྱུད། མཉམ་སྡེབ་མ་དངུལ་ཧམ་བཟུང་བྱེད་མཁན་གྲོང་ཚོའི་ལས་བྱེད་པར་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་བཀག་སྡོམ་བྱས་པའི་བོགས་དངུལ་ཚུར་བླངས་པ་རེད།

    ད་ཆ་གྲོང་གསེབ་ཀྱི་མཉམ་སྡེབ་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་གསུམ་གྱི་དོ་དམ་དང་། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་དོ་དམ། རྒན་གསོའི་ཞབས་ཞུ་བཅས་རེ་རེ་བཞིན་ལ་སྐུལ་འདེད་བཏང་བ་དང“ཆུང་ཟ་ཆུང་རུལ”རེ་རེ་བཞིན་ལ་ཆད་པ་བཅད་པས། རྒྱ་ཆེའི་མང་ཚོགས་ཚོས་ཉེ་འགྲམ་ནས་དྲང་གཞག་དྲང་བདེན་དངོས་འབྲེལ་ཚོར་ཡོད།

    —— ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    རུལ་སུངས་ལ་ངོ་རྒོལ་བྱེད་པར་བློ་ཐག་ཆོད་པའི་རྣམ་འགྱུར་འཛིན་དགོས་ལ་ནུས་ལྡན་གྱི་བྱ་ཐབས་ཀྱང་སྤྱོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་དང་བྱ་ཐབས་གསར་གཏོད་བྱས་ཏེ་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། གནད་འཁེལ་དབྱེ་འབྱེད། བཅོས་སྒྲིག་ནུས་ལྡན་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ངན་རུལ་མཉམ་བཤེར་མཉམ་བཅོས་གཏིང་ཟབ་བྱེད་པ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད།

    ཁྲུང་ཆིང་ཏེན་ཅང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཚན་པ་ཞིག་གི་ལས་བྱེད་པས་སྒྲིག་འགལ་ངང་བུའི་གཉེན་སྟོན་བཤམས་པའི་གནད་དོན་ལ་ཞིབ་དཔྱད་བྱེད་སྐབས། ལས་བྱེད་པ་དེ་དང་ཚོང་པ་ཞིག་དབར་འབྲེལ་བ་ཟབ་མོ་ཡོད་པ་ཤེས་རྟོགས་བྱུང་ནས་ཁོ་པར་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཚབས་ཆེན་ཡོད་པ་རྩད་ཆོད་ཡོད། སྒྲིག་འགལ་བཟའ་བཏུང་ལ་བཅོས་སྒྲིག་བྱས་པ་བརྒྱུད། ཏེན་ཅང་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཡོན་ལས་བྱེད་པ་མང་པོའི་སྤྱོད་ཚུལ་གནད་དོན་རྒྱབ་ཀྱི་རུལ་སུངས་གནད་དོན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་པ་རེད།

    གྱོད་དཔེ་མང་པོ་ཞིག་ལས་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ནི་གཅིག་ལ་གཅིག་རྟེན་ཡིན་པ་དང་རྩ་བ་དང་འབྱུང་ཁུངས་གཅིག་པ་ཡིན་པ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཕན་ཚུན་སྦྲེལ་མཐུད་མཐའ་འཁྱོངས་བྱས་ཏེ‘མཉམ་བཤེར’ལ་བརྟེན་ནས་ངན་རུལ་མཉམ་འདྲེས་ཀྱི་གནད་དོན་ལ་ཆད་པ་ནན་པོ་གཅོད་པ་དང‘མཉམ་བཅོས’ལ་བརྟེན་ནས་ངན་རུལ་གྱི་ཐུན་མོང་རང་བཞིན་གྱི་འབྱུང་རྩ་མེད་པར་བཟོ་དགོས”ཞེས་ནན་བཤད་གནང་ཡོད།

    ལག་ལེན་ལས་ཞུན་བརྡར་ཐོབ་པ་བརྒྱུད་རང་རེའི་ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བྱེད་ཐབས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་སྟངས་སྔར་བས་ཚན་རིག་དང་མཐུན་པ་བཅས་བྱུང་ཡོད།

    —— ངེས་པར་དུ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་དགོས།

    གནོད་འཚེ་སེལ་མཁས་ཐོག་མར་རྩ་བ་འཇོམས། ནད་གཞི་གསོ་མཁས་ཐོག་མར་འབྱུང་ཁུངས་གཅོད།

    “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ”ནི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པའི“མཐའ་འཁྱོངས་བཅུ་བཞི”ཡི་ཕྱོགས་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ནི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཤིག་ཡིན་ལ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་གལ་ཆེན་ཞིག་ཀྱང་ཡིན”ཞེས་གསུངས་པ་རེད།

    རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་ཆེ་རུ་གཏོང་བ་དང་། རུལ་སུངས་བྱེད་མི་ཐུབ་པའི་རླུང་ཙི་ཚགས་དམ་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་ཆེ་རུ་གཏོང་བ་ལ་སོགས། རང་རེའི་ཏང་གིས་ཕྱོགས་གསུམ་དབར་དུས་གཅིག་ཏུ་ཤུགས་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་རྒྱག་པ། ཕྱོགས་བསྡུས་ཤུགས་རྒྱག་པ་བཅས་ལ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དེ་བས་མང་བ་དང་བཅོས་སྐྱོང་གི་ཕན་འབྲས་དེ་བས་ཆེ་བ་ཧུར་ཐག་ཐོན་པར་བྱས་ཡོད།

    སི་ཁྲོན་མེ་ཧྲན་གྲོང་ཁྱེར་གྱི་སན་སུའུ་མཆོད་ཁང་དུ་སྐྱོད་སྐབས་འགྲེལ་བཤད་རྒྱག་མཁན་གྱིས“དཔེ་ཀློག་ལས་སྒྲུབ་དང་། རྒན་བཀུར་གཞོན་གཅེས། གཞུང་འཁྱོངས་ཡར་བརྩོན། སྲིད་སྐྱོང་སྤྱོད་གཙང”བཅས་ཀྱི་སྐོར་ལ་འགྲེལ་བཤད་རྒྱག་བཞིན་མཆིས། 2022ལོའི་ཟླ་6པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས“ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་དང་བསམ་བློ་བསྡུ་ལེན་མཁས་པོ་བྱེད་དགོས”ཞེས་གསུངས་པ་རེད།

    རིག་གནས་ཀྱི་སྟོབས་ཤུགས་གཏིང་ཟབ་ལ་ཡུན་རིང་ཞིང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པའི་ངོས་ནས་དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་བྱས་ཏེ། སྤྱོད་གཙང་རུལ་འགོག་དང་སྤྲོས་མེད་སྤྱོད་མཁས་ཀྱི་སྤྱི་ཚོགས་ཁོར་ཡུག་ཤུགས་ཆེན་བསྐྲུན་ནས་རུལ་སུངས་ཐོན་མང་བའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས།

    ཀྲུང་གོ་གུང་ཁྲན་ཏང་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྲོག་ཤིང་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི“བདུན་གཅིག”གི་གསུང་བཤད་གལ་ཆེན་ནང་རང་རེའི་ཏང་གི་ཕུལ་བྱུང་ཁྱད་ཆོས་ཆེན་པོ་དྲུག་ཕྱོགས་སྡོམ་གཏིང་ཟབ་གནང་བའི་ནང་གི་གཅིག་ནི“རང་ཉིད་སྟོབས་ཆེར་གཏོང་བར་སྣང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱིས་ཁེངས་པར་བྱེད་དགོས”ཞེས་པ་དེ་ཡིན། ཁོང་གིས“ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་སེལ་བ་དང་། ཏང་གི་རྩ་འཛུགས་སྒྲིག་གཞིར་གནོད་པའི་ནད་དུག་མཐའ་དག་གཙང་སེལ་བྱས་ཏེ་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་དེ་བས་འགྱུར་མེད་སྟོབས་ལྡན་ཡོང་བར་བྱེད་དགོས”ཞེས་གསུངས་པ་རེད།

    “བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན”

    2022ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཀོང་ཤིས་འཐུས་མི་ཚོགས་པའི་གྲོས་བསྡུར་ནང་ཞུགས་སྐབས“གུང་ཁྲན་ཏང་མི་ནི་དངོས་གཙོ་རིང་ལུགས་པ་ཡིན་པས། གང་ལའང་སྐྲག་མི་སྲིད་ལ། སྐྲག་དགོས་དོན་ཡང་མེད། གང་ཡིན་ཟེར་ན་དྲག་ཆར་རླུང་འཚུབ་དང་རྦ་རླབས་འཇིགས་སུ་རུང་བའི་ཚོད་བགམ་ནན་པོ་འཕྲད་མྱོང་བས་རེད། ངས་བརྗོད་པ་བཞིན‘མི་མང་པོས་བཀག་ཀྱང་ཁོ་བོ་མདུན་དུ་ཆས་པར་ཐེ་ཚོམ་ཡེ་ནས་མེད’”ཅེས་ནན་བཤད་གནང་བ་རེད།

    རྒྱང་ལམ་གསར་པའི་ཐོག ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མཚམས་མེད་རྒྱུན་སྒྲུབ་ཀྱི་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱས་ཚེ། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་། རྒྱུན་སྲིང་དམག་འཐབ། སྤྱི་ཡོངས་ཀྱི་དམག་འཐབ་བཅས་ཡག་པོ་བརྒྱབ་སྟེ། སྤྱོད་གཙང་གཞུང་དྲང་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྲུང་སྐྱོང་ཐུབ་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།