ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་རྡུང་ཁ་ཐེབས་ནས་ཁ་ཤོར་བའི་ལས་འཛོལ་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་ཁྲི་ཐོག་དྲུག་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
ལི་ཆང་གིས་སི་ཕེན་གྱི་བློན་ཆེན་སང་ཆེ་སིར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་གྱི་མྱུར་བགྲོད་མེ་འཁོར་རྡུང་ཁ་ཐེབས་ནས་ཁ་ཤོར་བའི་ལས་འཛོལ་ཐོན་པར་སི་ཕེན་གྱི་རྒྱལ་པོ་ཧྥེ་ལེ་ཕེ་ཁྲི་ཐོག་དྲུག་པར་སེམས་གསོའི་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། སི་ཕེན་གྱི་ཐུའོ་ལའེ་ཏུའོ་ཞིང་ཆེན་དུ་སྟབས་མ་ལེགས་པར་མྱུར་བགྲོད་མེ་འཁོར་རྡུང་ཁ་ཐེབས་ནས་ཁ་ཤོར་བའི་ལས་འཛོལ་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་རྐྱེན་ལམ་དུ་ཤོར་མཁན་གྱི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། རྨས་མ་སྔ་ཙམ་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སི་ཕེན་གྱི་དབུ་བཞུགས་བློན་ཆེན་སང་ཆེ་སིར་སེམས་གསོའི་གློག་འཕྲིན་བཏང་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།