དབུ་ཤོག
  • ཁ་བ་བུ་ཡུག་གི་ཉེན་བརྡ་སེར་པོ་བཏང་འདུག ལྷག་པར་དུ་ས་ཆ་འདི་དག་ལ…

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-10-29

    ཁ་ས་བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གངས་འུར་འཚུབ་རྒྱུའི་ཉེན་བརྡ་སེར་པོ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་10ཚེས་30དང་31ཉིན། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དང་མངའ་རིས་ཀྱི་ལྷོ་རྒྱུད་དུ་གངས་འུར་འཚུབ་རྒྱུའམ་དྲག་ཆར་འབབ་རྒྱུ་དང་། དེའི་ནང་གཉའ་ནང་དང་། སྐྱིད་གྲོང་། གྲོ་མོ། དིང་རི། གཏིང་སྐྱེས་བཅས་ཀྱི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་འུར(ཧའོ་སྨི་10ནས་20བར)འཚུབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས་འུར་ཆེན་པོའམ་ཁ་བ་བུ་ཡུག(ཧའོ་སྨི་20ནས་35བར)འཚུབ་རྒྱུ། འབྲོང་པ་དང་། ས་དགའ། ངམ་རིང་། རྩྭ་མདའ། སྤུ་ཧྲེང་བཅས་ཀྱི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འུར(ཧའོ་སྨི་7ནས་12བར)འཚུབ་རྒྱུ་དང་གངས་གསོག་ཐེབས་ཚད་ལི་སྨི་10ནས་20བར་མཐུག་ཏུ་འགྲོ་རྒྱུ། གཉའ་ནང་དང་། སྐྱིད་གྲོང་། གྲོ་མོ་བཅས་ཀྱི་ས་བབ་དམའ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར(ཧའོ་སྨི་30ནས་60བར)འབབ་རྒྱུ། ཆར་པ་འབབ་རིང་གོང་གསལ་གྱི་ས་བབ་མཐོ་བའི་ས་ཁུལ་དེ་དག་ལ་ལྷགས་པ་ཆེན་པོ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ་རེད།

    ཟླ་10ཚེས་28ཉིན་གྱི་ཆུ་ཚོད་17ཙམ་ལ། བོད་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། སྔོན་དཔག་བྱས་ན་ཟླ་10ཚེས་29ནས་31ཉིན་བར། གཞིས་རྩེ་དང་མངའ་རིས་ཀྱི་ས་ཆ་མང་ཆེ་བ་དང་། ནག་ཆུ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་གངས(ཆར་པ)འབྲིང་བ་ནས་ཆེ་བ་འབབ་རྒྱུ། དེའི་ནང་གཞིས་རྩེའི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་འུར་རམ་ཁ་བ་བུ་ཡུག་འཚུབ་རྒྱུ། ས་བབ་དམའ་བའི་ཤང་དང་གྲོང་རྡལ་དུ་ཆར་པ་ཆེ་བ་ནས་དྲག་ཆར་འབབ་རྒྱུ། གཞིས་རྩེའི་ནུབ་རྒྱུད་དང་མངའ་རིས་ཀྱི་ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་ཆེན་པོ་ནས་གངས་འུར་འཚུབ་རྒྱུ། ཟླ་10ཚེས་29ཉིན་གྱི་མཚན་མོ་ནས་ཆར་པ་རིམ་བཞིན་ཆེ་རུ་འགྲོ་རྒྱུ་དང་ཟླ་10ཚེས་30ཉིན་ཆར་པ་ཆེ་ཤོས་འབབ་རྒྱུ། ཟླ་10ཚེས་31ཉིན་གྱི་མཚན་མོ་ནས་ཆར་ཐག་ཆད་རྒྱུ་རེད། སྦྲ་ཆེན་གྱི་ཡོམ་ཁུལ་དུ་ཟླ་10ཚེས་30དང་31ཉིན་གངས་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། གངས་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་8བར་ཆག་རྒྱུ། ད་ཐེངས་ས་ཆ་མང་པོར་གངས་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་ཆེན་པོ་འབབ་སྲིད་པས་ངེས་པར་དུ་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།