དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མར་གཡང་ལ་བཏབ་པའི་ལན།

    ལི་ཧའེ་ཞ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

    ཉིན་ཤས་རིང་། ད་ཐེངས་ས་ཡོམ་གྱི་ཡོམ་ལྡིག་སྦྲ་ཆེན་རྫོང་དམར་རུ་ཤང་གི་གྲོང་ཚོ་2པར་ཐོག་མའི་ཞིག་རོ་ནས་ད་ཆའི་སྒྲིག་ཁང་མང་པོའི་བར་གྱི་འགྱུར་ལྡོག་རང་ཉིད་ཀྱིས་མིག་མཐོང་ལག་ཟིན་བྱུང་།

    འདིར་སླེབས་པའི་དགོང་མོ་དང་པོ་དེ་ངས་ད་དུང་དྲན་གྱི་འདུག དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་6ལ་སླེབས་པ་དང་། གྲང་རླུང་བཟོད་དཀའ་བ་ཡོད་མོད། འོན་ཀྱང་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་བྲེལ་འཚུབ་ཀྱི་རྣམ་པའི་ཁྲོད་དུ་གྲང་ངར་ཆེ་བའི་སྣང་བ་མེད་པ་དང་། སྤུན་ཟླ་གྲངས་མེད་ཀྱི་བརྩེ་སེམས་མཚོན་པའི་དངོས་ཟོག་སྣ་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར། ད་ཆ་སྒྲིག་ཁང་བསྐྲུན་ཟིན་པ་དང་། ཆུ་དང་། གློག དྲ་བ་བཅས་ཤར་གཏོང་ཐུབ་པ་མ་ཟད། སྐྱེ་ཁམས་གསང་སྤྱོད་ཀྱང་གཅིག་རྗེས་གཉིས་མཐུད་ངང་བརྒྱབ་ཡོད།

    བཅར་འདྲི་བྱེད་རིང་། ང་ལ་མིང་ལ་མར་གཡང་ཟེར་བའི་བུ་མོ་ཆུང་ཆུང་ཞིག་ཐུག་བྱུང་། དུས་ཐུང་ཉིན་འགའི་འགྱུར་ལྡོག་ནི་མར་གཡང་ལ་མཚོན་ན་ངོ་མཚར་ཆེ་བ་ཞིག་རེད། ཁོ་མོས་སོ་སོས་མཐོང་བ་དག་བརྙན་དུ་བླངས་ནས་འཛམ་གླིང་ཡོངས་ལ་སྟོན་འདོད་བྱེད་ཀྱི་འདུག མར་གཡང་གིས་ད་དུང་ནན་ཏན་གྱིས་ང་ལ“ཚང་མ་རང་མོས་ངང་ང་ཚོར་རོགས་བྱེད་པར་ཡོང་བ་རེད་དམ”ཞེས་དྲིས་བྱུང་། ཁོ་མོས་ད་དུང་ལན་འདི་རང་ཉིད་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཡིན་ཞེས་བརྗོད་བྱུང་།

    དེའི་རྗེས་ཀྱི་ཉིན་འགའི་ནང་ངས་ཁོ་མོའི་ཚབ་བྱས་ནས་མི་མང་པོ་ཞིག་ལ་དྲི་བ་དེ་དྲིས་པ་ཡིན། “ལོས་ཡིན”“ང་ནི་རང་མོས་ངང་ཡོང་བ་ཡིན”ཞེས་པ་ལ་སོགས་ངོ་མི་ཤེས་པའི་མི་མང་པོས་བཏབ་པའི་ལན་དེ་དག་ནི་ཅི་འདྲའི་མཚུངས་ཤིང་དྲོ་སྐྱིད་ལྡན་པ་ཞིག་རེད་ཨང་། དེ་ནི་མར་གཡང་ལ་བཏབ་པའི་ལན་ཙམ་མ་ཟད། མི་མང་པོ་ཞིག་གིས་བརྗོད་འདོད་པའི་སྐད་ཆ་སྟེ། གནོད་འཚེ་འཕྲད་སྐབས་དཔུང་པ་མཉམ་གཤིབ་བྱེད་མཁན་མང་པོ་ཡོད་ཅེས་པ་དེ་ལོས་ཡིན། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།