དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྦྲ་ཆེན་རྫོང་གིས་ཁང་པ་3254ལ་འཕྲལ་སྡོམ་ཚོད་སྐོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

    ཚེས་27ཉིན། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཚེས་26ཉིན་གྱི་ཆུ་ཚོད་22བར། སྦྲ་ཆེན་རྫོང་གིས་རིམ་རྩིས་བརྒྱབ་ན་ཁང་པ་3254ལ་འཕྲལ་སྡོམ་ཚོད་སྐོར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཁང་པའི་བདེ་འཇགས་རིམ་པ་གཏན་འཁེལ་བྱས་ཏེ། མང་ཚོགས་ཚུར་སྤོ་བའི་ལས་དོན་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ལ་ལག་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོད་སྐོར་ཁྱབ་ཁོངས་ནི་གྲོང་གསེབ་ཀྱི་སྡོད་ཁང་དང་། སློབ་གྲྭ སྨན་ཁང་སོགས་གཙོ་གནད་སྐྲུན་དངོས་ཡིན་ཞིང་། དེའི་ནང་གྲོང་གསེབ་ཀྱི་སྡོད་ཁང་ཚོད་སྐོར་དེ་རང་བྱུང་གྲོང་ཚོ་123གྱི་ཁང་པ་2215ལ་ཁྱབ་ཡོད་པ་རེད། མིག་སྔར། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་སྦྲ་ཆེན་རྫོང་གི་སློབ་འབྲིང་གཉིས་ཀྱི་ཉལ་ཁང་50ལ་བདེ་འཇགས་དཔྱད་འདོམས་བྱས་པ་དང་ཚོར་སྐོར་བྱས་འབྲས་དེ་གོ་རིམ་ལྡན་པའི་སྒོ་ནས་སློབ་ཚན་བསྐྱར་ཚུགས་ལ་སྐུལ་འདེད་གཏོང་བའི་གཞི་འཛིན་ས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།