དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “མི་བཟང་གཅིག”ནས“མི་བཟང་མང་པོའི”བར་གེགས་ཁུལ་དུ་སླར་ཡང་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-29

    འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ཕྲུ་གུར་ཤིན་ཅང་གི་བག་ལེབ་སྤྲོད་བཞིན་པ།

    འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ཕྲུ་གུ་ཚོར《ལེ་ཧྥུང་གི་ཉིན་ཐོ》སྤྲོད་བཞིན་པ།

    འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨཱ་པུའུ་ཏུའུ(གཡོན)དང། ཀྲེ་ཅཱ་ཤིན(དཀྱིལ) ཨ་ལི་མུའུ་ཅང·ཧ་ལི་ཁེ(གཡས)བཅས་ཀྱིས་ཕིང་བརྔོས་མ་བཟོ་བཞིན་པ།

    ས་བབ་སྨི་4500ཟིན་པའི་བོད་ལྗོངས་སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་གྲང་རླུང་འུར་འུར་དུ་ལྡང་ཞིང་། ས་ཡོམ་བརྒྱབ་རྗེས་ལྷག་བསམ་དག་པའི་དང་བླངས་པ་ཚོས་ཕྱོགས་བཞི་མཚམས་བརྒྱད་ནས་འཕྲལ་དུ་ས་མཐོའི་ཡོམ་ཁུལ་དུ་ཡོང་། གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཁོང་ཚོས་མེ་ཁ་གསོས་ཏེ་ཕ་ཡུལ་གྱི་ཞིམ་ཟས་བཟོས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཚོ་དྲོད་ཁུག་ཐབས་དང་ཁོང་ཚོའི་སེམས་ནང་གི་སྡུག་བསྔལ་སེལ་ཐབས་བྱས།

    དིང་རིའི་ས་ཡོམ་རོགས་སྐྱོབ་ནང་ཞུགས་མྱོང་བའི་ཤིན་ཅང་གི་དང་བླངས་པ་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ས་བབ་མཐོ་སར་ཁ་ལག་བཟོ་ཁག་པོ་ཡོད་པ་ཤེས་ཀྱི་ཡོད་པས། ཆེད་མངགས་ཤིས་ཨན་ནས་ཝུའུ་ལུའུ་མུའུ་ཆིར་ལོག་པ་དང་དབུགས་རྡིག་གཉིས་སྒལ་པར་ཁུར་ནས་གེགས་ཁུལ་དུ་བསྐྱོད། ཤིན་ཅང་གི་བུ་མོ་ཀྲེ་ཅཱ་ཤིན་གྲོང་ཁྱེར་མང་པོ་བརྒྱུད་ནས་ཆུ་ཚོད་48ཙམ་སོང་རྗེས་ཡོམ་ལྡིག་ཏུ་འབྱོར། ལྷ་སར་ཤིན་ཅང་གི་ཟ་ཁང་འཛུགས་མཁན་ཨཱ་པུའུ་ཏུའུ་ཡིས་མགྱོགས་མྱུར་རོགས་པ་སྐོང་བ་དང་དངོས་ཟོག་གྲབས་གསོག་བྱས་ནས་གེགས་ཁུལ་དུ་བསྐྱོད། ཁོང་ཚོའི་འགྲུལ་བཞུད་གཅིག་པ་མིན་རུང་ཚང་མས་ཁ་ཕྱོགས་གཅིག་ལ་གཏད་ནས་ཡོང་ཡོད།

    “མི་བཟང་གཅིག་ནས་མི་བཟང་མང་པོར་འཕེལ་འདུག” ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡི་སྐད་ཆ་དེ་ལས་དང་བླངས་པ་ཚོའི་བསམ་ཚུལ་མཚོན་ཡོད། ཡོམ་ཁུལ་དུ་འབྱོར་རྗེས་གྲལ་སྟར་འགྲིག་པའི་བཀོད་སྒྲིག་གུར་དང་སྒྲིག་ཁང་རེ་རེ་དང་། འདང་ངེས་ཀྱི་འགན་ལེན་དངོས་ཟོག དེ་བཞིན་ས་གནས་དེ་གའི་མང་ཚོགས་ཕན་ཚུན་ལྟ་སྐྱོང་གི་རྣམ་པ་བཅས་ལས་ཚང་མར་སེམས་འགུལ་ཚད་མེད་ཐེབས་ཡོད། ཀྲེ་ཅཱ་ཤིན་གྱིས“ངས་ནུས་པས་ལྕོགས་ཚོད་ཀྱིས་ཕྲུ་གུ་ཚོར་དྲོ་སྐྱིད་མང་ཙམ་སྦྱིན་འདོད་འདུག”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    ཉིན་དགུང་གི་དུས་སུ། དབུགས་རྡིག་ནས་འཚོས་སྒྲ་གྲགས་པ་དང་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་སེམས་ནུས་ཡོད་རྒུས་བཟོས་པའི་ཤིན་ཅང་གི་ཤ་འབྲས་ཀྱི་དྲི་ཞིམ་གང་སར་འཐུལ། ཁོང་གིས་བྲེལ་འཚུབ་ཀྱིས་ཁ་ལག་བཟོ་གིན“རོགས་པ་གཞན་ངས་བྱེད་མ་ཐུབ་རུང་། ཚང་མར་ཁ་ལག་ཚ་སོབ་སོབ་ཅིག་བཟོ་ཐུབ”ཅེས་བཤད། ས་སྲོད་ཀྱི་མཚམས་སུ། ཀྲེ་ཅཱ་ཤིན་གྱིས་སྨན་སྣ་སྦྱོར་རྟ་བྱེད་པ་དང་ཨཱ་པུའུ་ཏུའུ་ཡིས་ཚལ་དང་ཤ་གྲ་སྒྲིག་བྱས་ཏེ་ཚང་མས་མཉམ་དུ་ཤིན་ཅང་གི་ཕིང་བརྔོས་མ་བཟོས།

    དྲོ་སོབ་སོབ་ཀྱི་ལྕགས་ཐབ་དང་ཚ་སོབ་སོབ་ཀྱི་ཞིམ་ཟས་ལས་མི་རྣམས་གྲོད་པ་རྒྱགས་ཤིང་ལུས་པོ་དྲོས་པ་མ་ཟད། སེམས་པའང་དྲོ་སོབ་སོབ་ཏུ་གྱུར་ནས་ས་མཐོའི་གེགས་ཁུལ་ལ་དྲོ་སྐྱིད་སྦྱིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།