དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་བཅའ་སྡོད་ཕྱི་འབྲེལ་དཔོན་གྱིས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90 འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ།

    རྒྱང་སྐྱོད་ལམ་དུ་བཞུད། སྙིང་སྟོབས་ཉམས་སུ་མྱོང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་ཅིང་ཧའོ།   |     སྤེལ་དུས།  2026-10-29

    ཟླ་10ཚེས་26ཉིན་གྱི་སྔ་དྲོར། པེ་ཅིང་དུ་སྟོན་ཆར་བབས་ནས་ནམ་མཁའ་སྔོ་ཞིང་དྭངས། ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་དུ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་106དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་5ཡི་གཞུང་ཚབ་པ་དང་ཕྱི་འབྲེལ་དཔོན་གྱིས“རླབས་ཆེན་གྱི་རྒྱང་སྐྱོད། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་ལྟ་སྐོར་བྱས་པ་རེད།

    འགྲེམས་སྟོན་ཁྱོན་ཆ་ཤས་7ལ་དབྱེ་ཡོད་ཅིང་། པར་རིས་357དང་རིག་དངོས་དང་ཚད་ལྡན་ཡིག་ཆ(ཆ་ཚང)1061འགྲེམས་སྟོན་བྱས་ཡོད། དེའི་ནང་ཐེངས་དང་པོའི་འགྲེམས་སྟོན་རིག་དངོས་དང་ཚད་ལྡན་ཡིག་ཆ་300ལྷག་ཙམ་ཡོད་པ་ལས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། རླབས་ཆེའི་དོན་སྙིང་། ཤུགས་རྐྱེན་ཟབ་མོ་བཅས་བརྒྱུད་རིམ་ལྡན་པའི་ངང་མངོན་པར་བྱས་ཡོད།

    “རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་རྩ་ཆེའི་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་ཡིན་པས་དེ་ཀྲུང་གོ་མི་དམངས་ལ་དབང་བ་མ་ཟད། འཛམ་གླིང་ཡོངས་ལའང་དབང་བ་ཞིག་རེད”ཀྲུང་གོར་བཅའ་སྡོད་ལོ་སིའི་གཞུང་ཚབ་ཆེ་མོ་བ་སུང་ཕེང·ཤིས་ཅ་ལུན་གྱིས། རྒྱང་སྐྱོད་ཁྲོད་མངོན་པའི་དམར་དམག་འཐབ་འཛིང་པའི་བློ་བརྟན་འགྱུར་མེད་དང་དད་སེམས་བརྟན་པོ་དང་དེ་བཞིན་རླབས་ཆེ་བའི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ལས་མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཡོད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེའི་མཛུབ་ཁྲིད་དང་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་རྒྱང་ལམ་གསར་པར་འོད་སྟོང་འཕྲོ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད་ཅེས་བརྗོད།

    སྲིང་བལ་གྱི་སྟོད་གོས་མཐའ་མ་དེ་འཐབ་འཛིང་པར་སྤྲད་དེ་རང་ཉིད“བྱས་རྗེས་རྡོ་རིང”ཞིག་ཏུ་འགྱུར་བར་བྱས། ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འཕེལ་རྒྱས་ཁོངས་གཏོགས་ཀྱི་མཐུན་སྦྱོར་པ་ཅེ་སི་ཧེང་གིས་དམར་དམག་གི་དམག་མཁོའི་ཁྲུའུ་ཀྲང་གི་འཇིམ་བརྙན་མདུན་དུ་ཡུན་རིང་ལངས་ནས་བསྡད། “རྒྱང་སྐྱོད་ཀྱི་ལམ་བར་དུ་ཆ་སྙོམས་ལམ་ཐག་སྨི་300རེར་དམར་དམག་རེ་སྐུ་གཤེགས་ཡོད། ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་དེ་རིགས་ལས་དམར་དམག་གིས་དེ་ལྟ་བུའི་བྱས་རྗེས་ངོ་མཚར་ཅན་མང་པོ་བཏོད་པ་མ་ཟད། འཐབ་ཇུས་ལ་འགྱུར་ལྡོག་བདེ་བླག་བྱུང་སྟེ། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པར་རྨང་གཞི་བཏིང་ཡོད། སྙིང་སྟོབས་དེ་ལྟ་བུ་ནི་མི་སེམས་འགུལ་འོས་པ་ཞིག་རེད”ཅེས་ཅེ་སི་ཧེང་གིས་བརྗོད།

    ཕྱི་འབྲེལ་པུའི་པུའུ་ཀྲང་ལས་རོགས་ཧུང་ལེས། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ནི་ཀྲུང་གོ་མི་དམངས་ཀྱི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པ་མ་ཟད། དེ་བས་འཛམ་གླིང་ཤེས་དཔལ་གྱི་ཐུན་མོང་རྒྱུ་ནོར་ཞིག་ཀྱང་རེད། དེར་ཕུགས་བསམ་དང་དད་སེམས་དང་། མཐུན་སྒྲིལ་འབད་འཐབ། མི་དམངས་གོང་དུ་བཀུར་བ་བཅས་ཀྱི་རིན་ཐང་འདུ་ཤེས་ལྡན་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེན་དོན་དོན་གཉེར་དང་དྲང་བདེན་དང་ཞི་བདེ་དོན་གཉེར་བྱེད་པའི་འདུན་པ་བཟང་པོ་དང་གཅིག་མཚུངས་རེད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་དང་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།