དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཝའེ་ཐན་ལོ་ཚོགས་ཧྲང་ཧའེ་རུ་འཚོགས་པ།

    གོ་ལ་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད་བློ་གྲོས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཚུའེ་དབྱིན།   |     སྤེལ་དུས།  2026-10-29

    ཉེ་ཆར། “ཚན་རྩལ་དང་། ས་འབྲེལ། གོ་ལ་ཧྲིལ་པོའི་དཔལ་འབྱོར”བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཝའེ་ཐན་ལོ་ཚོགས་ཧྲང་ཧའེ་རུ་འཚོགས་པ་རེད། སྐབས་འདིའི་ལོ་ཚོགས་ནི་ཀྲུང་གོ་དངུལ་རྩའི་མི་བཞི་བཅུའི་གླེང་སྟེགས་དང་ཆིང་ཧྭ་སློབ་ཆེན་གྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་དང་། རྒྱལ་སྤྱི་ཅན་དང་ཆེད་ལས་ཅན་གྱི་ངེས་གནས་མཐའ་འཁྱོངས་བྱས་ནས་ཁྱོན་ཝའེ་ཐན་གྲལ་སྒོར་ཚོགས་འདུ་ཐེངས་19དང་སྒོ་རྒྱག་ཚོགས་འདུ་ཐེངས་12བཀོད་སྒྲིག་བྱས་ཡོད། རྒྱལ་ཁབ་དང་ས་ཁུལ་20ལྷག་ཙམ་ནས་ཡོང་བའི་ནོར་སྲིད་དཔལ་འབྱོར་གྱི་སྲིད་ཕྱོགས་ཀྱི་མི་སྣ་གལ་ཆེན་དང་། སྒྲིག་གཞིའི་མཐོ་རིམ་དོ་དམ་པ། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་མི་བརྒྱ་ལྷག་ཙམ་གྱིས་གོ་ལ་ཧྲིལ་པོའི་ནོར་སྲིད་སྲིད་ཇུས་དང་། ཚོང་དོན་མ་འཇོག མི་ཐབས་རིག་ནུས། འཛམ་གླིང་དཔལ་འབྱོར་སོགས་ཀྱི་གྲོས་དོན་ལ་དམིགས་ནས་གཏིང་ཟབ་པའི་བསམ་བློའི་སྤེལ་རེས་ལ་བརྟེན་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བརྟན་འཕར་ཡོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་རེད།

    ཚོགས་འདུའི་ཐོག ཀྲུང་གོའི་དངུལ་རྩའི་མི་བཞི་བཅུའི་གླེང་སྟེགས་ཀྱི་ལོ་འཁོར་གྱི་ཞིབ་འཇུག་སྙན་ཞུ《ཀྲུང་གོའི་དཔལ་འབྱོར་གྱི་དཔེ་དབྱིབས་གསར་པ་སྟེ། སྒུལ་རྐྱེན་དང་། འཕེལ་ཕྱོགས། སྲིད་ཇུས་ཀྱི་གོ་དོན》ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོའི་དངུལ་རྩའི་མི་བཞི་བཅུའི་གླེང་སྟེགས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀུའོ་ཁའེ་ཡིས“ཀྲུང་གོའི་དཔལ་འབྱོར་ལེགས་པ་དང་གསར་པའི་ཕྱོགས་སུ་བསྒྱུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། མི་ཐབས་རིག་ནུས་ལག་རྩལ་གྱིས་ཐོན་སྐྱེད་བྱེད་ཚད་ཀྱི་བར་མཐོངས་རྒྱ་ཆེར་བཏང་བས་འབྲེལ་ཡོད་མ་འཇོག་མགྱོགས་མྱུར་འཕར་ཡོད། ནུས་རྒྱུའི་གསར་བརྗེ་ཡིས་གློག་སྤྱོད་མ་གནས་ཆུང་དུ་གཏོང་བ་དང་། ལྗང་གློག་མཁོ་འདོན་བྱེད་རྒྱ་ཆེ་རུ་བཏང་བས། སྔོན་ཐོན་བཟོ་སྐྲུན་དང་མི་ཐབས་རིག་ནུས་དབར་མཐུན་སྦྱོར་དམ་ཟབ་བཅས་བྱུང་ཡོད”ཅེས་བརྗོད་པ་རེད།

    ལོ་ཚོགས་ཐོག མི་ཐབས་རིག་ནུས་ནི་གླེང་མང་མང་ཤོས་ཡིན། འཛམ་གླིང་དངུལ་ཁང་གི་རྒྱུན་ལས་ཧང་ཀྲང་གཞོན་པ་དང་དབུ་བཞུགས་སྲིད་འཛིན་དཔོན་གཅིག་ལྕོགས་ཀྲང་ཝུན་ཚའེ་ཡིས“འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མ་གནས་ཅུང་དམའ་བའི་མི་ཐབས་རིག་ནུས་ཡོ་བྱད་ཆུང་གྲས་སྤྱོད་པར་འཛམ་གླིང་དངུལ་ཁང་གིས་སྐུལ་འདེད་བཏང་ནས། རྒྱལ་ཁབ་དང་ས་ཁུལ་གང་རུང་ཞིག་ཀྱང་རྗེས་སུ་མི་ལུས་པ་བྱེད་དགོས་པའི་འདོད་ཚུལ་བཏོན་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་འགུལ་ངང་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་སྟངས་གསར་བཟོ་བྱས་ཏེ། ཡུལ་དེའི་གྲངས་གཞི་དང་སྐད་ཡིག་ཡག་པོ་སྤྱད་ནས་འཚམ་སྒྲིག་ལེགས་སྒྲིག་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཡིད་ཆེས་འཛུགས་དགོས”ཞེས་བརྗོད།

    ཉེ་བའི་ལོ་ཤས་རིང་། ཚོང་དོན་དང་རྒྱལ་སྒྲོལ་མ་འཇོག་གི་བཀག་རྒྱ་མང་དུ་ཕྱིན་མོད། འོན་ཀྱང་གོ་ལ་ཧྲིལ་པོ་ཅན་གྱི་ཁེ་སྤོགས་སྔར་བཞིན་གནས་ཡོད་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་མཉེན་ཤུགས་ཆེ་ཙམ་ལྡན་ཡོད། སྐུ་མགྲོན་མི་ཉུང་བ་ཞིག་གིས་ས་འབྲེལ་རྩོད་གཞི་དང་ཡིད་ཆེས་མི་འདང་བའི་མིག་སྔར་སྒོ་དབྱེ་གླེང་མོལ་བྱེད་པ་ནི་ཐུན་མོང་གི་ངོས་འཛིན་སྲུང་སྐྱོང་དང་སྲིད་ཇུས་མཐུན་སྦྱོར་གྱི་རྨང་གཞི་བརྟན་དུ་གཏོང་བའི་གཞི་རྟེན་ཞིག་རེད། འགྱུར་ལྡོག་ཁྲོད་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱེད་པ་ནི་འགལ་ཟླ་དང་མི་མཐུན་པ་སེལ་བའི་འབྲེལ་ཟམ་ལྟ་བུ་ཞིག་རེད་ལ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མེད་དུ་མི་རུང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཀྱང་རེད་ཅེས་བརྗོད།

    ལོ་ཚོགས་ཀྱི་སྒྲོམ་གཞིའི་འོག རྒྱལ་སྤྱིའི་རིག་མཛོད་ཀྱི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་དུས་གཅིག་ཏུ་སྤེལ་ཞིང་། ཨ་རིའི་པི་ཏེ་སེན་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡ་ཏང·པོ་སེན་དང་ཡོ་རོབ་ཀྱི་རིག་མཛོད་པུའུ་ལུའུ་ཀེར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཅེ་ལུའོ་མིང·ཙེ་ཐེ་མེར་སོགས་སྐུ་མགྲོན་གྱིས། གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཡིན་པའི་ཨ་རི་དང་། ཀྲུང་གོ ཡོ་རོབ་མནའ་འབྲེལ་བཅས་དབར་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ལྟ་འདོམས་དང་། གནམ་གཤིས་འགྱུར་ལྡོག རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ལྡན་པས། ཕྱོགས་གསུམ་པོས་མུ་མཐུད་འབྲེལ་གཏུག་དང་སྐད་ཆ་ཤོད་རེས་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།