དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་རིག་གནས་གཟའ་འཁོར་པེ་ཅིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

     ཚེས་25ཉིན། པེ་ཅིང་དུ“འཆམ་མཐུན་གྱི་བཤུལ་ལམ་གསར་པ·ཤེས་དཔལ་མཉམ་འདྲེས་ཁྲོད་ཀྱི་ན་གཞོན་གྱི་ལག་ལེན”ཞེས་པའི་བརྗོད་དོན་གཙོ་བོའི་2026ལོའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་རིག་གནས་གཟའ་འཁོར་འགོ་ཚུགས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རིག་གནས་གཟའ་འཁོར་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རི་ཐང་བརྟག་དཔྱད་མཉམ་སྤྱོད་འདུ་ཚོགས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཤིས་ཧྲན་གླེང་སྟེགས་ཀྱི“ས་ཁོངས་དང་རྒྱལ་ཁབ་ཁག་གི་ཞིབ་འཇུག་ཡན་ལག་གླེང་སྟེགས” ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཞོན་ནུའི་ལུས་རྩལ་མཛའ་མཐུན་འགྲན་བསྡུར། “ཀྲུང་གོ་དང་ལོ་སིའི་སྐད་བརྡ་འཕྲོད”ཅེས་པའི་སློབ་ཆེན་སློབ་མའི་ལོ་སིའི་སྐད་ཀྱི་དྲ་ཐོག་བརྗོད་དོན་གཙོ་བོའི་འགྲེམས་འཁྲབ་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་མ་ཟད། ལོ་སིར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོགས་རའི་བྱེད་སྒོ་རབ་དང་རིམ་པ་གཉེར་རྒྱུའང་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།