ཀྲུང་ཁྲའོ་རྒྱལ་ཁབ་གཉིས་པོས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་བརྒྱབ་ནས་ལོ་ངོ་76འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་མཉམ་དུ་སྤེལ་བ།
ཚེས་25ཉིན། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་བྱས་ཏེ་ཕྱི་རྒྱལ་དུ་དམག་བརྒྱབ་ནས་ལོ་ངོ་76འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ཕོང་དབྱང་གི་ཀྲུང་ཁྲའོ་མཛའ་གྲོགས་མཆོད་རྟེན་དུ་སྤེལ་བ་རེད།
ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཆེས་མཐོའི་མི་དམངས་ཚོགས་འདུའི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་། ནང་བློན་ཁང་བཅས་དང་མིང་མཉམ་དུ་བཀོད་དེ། ཁྲའོ་ཞན་གྱི་ཕྱི་དོན་པུའུ་དང་། རྒྱལ་སྲུང་པུའུ། ཕྱི་ཕྱོགས་དཔལ་འབྱོར་པུའུ། གྲོང་ཁྱེར་དོ་དམ་པུའུ། ཕྱི་ཕྱོགས་རིག་གནས་སྤེལ་རེས་མཐུན་ཚོགས། ཁྲའོ་ཞན་ངལ་རྩོལ་ཏང་ཕོང་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་། ཕོང་དབྱང་གྲོང་ཁྱེར་མི་དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་མིང་ཐོག་ནས་ཕུལ་བའི་མེ་ཏོག་ཕྲེང་བ་མཛའ་གྲོགས་མཆོད་རྟེན་གྱི་མདུན་དུ་གྲལ་སྟར་འགྲིག་པོས་བཞག་པ་དང་། མེ་ཏོག་ཕྲེང་བའི་སྟེང“ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོ་ཇི་སྲིད་བར་དུ་མི་ནུབ་པར་གྱུར་ཅིག”ཅེས་པའི་ཡི་གེ་གསེར་པོ་བྲིས་ཡོད། ཀྲུང་གོ་དང་ཁྲའོ་ཞན་ཕྱོགས་གཉིས་པོའི་མི་སྣ་མཛའ་གྲོགས་མཆོད་རྟེན་དུ་བསྐྱོད་ནས་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་མིང་ཐོར་མཉམ་དུ་བལྟས་པ་དང་། ཀྲུང་གོ་མི་དམངས་དང་བླངས་དམག་གི་ཨ་འགོག་ཁྲའོ་རོགས་དང་། ཁྱིམ་སྲུང་རྒྱལ་སྲུང་། དེ་བཞིན་ཁྲའོ་ཞན་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་ནང་ཞུགས་པའི་ལོ་རྒྱུས་འཕེལ་རིམ་གྱི་པར་རིས་དང་། རི་མོ། ཕྱག་བྲིས་སོགས་དཔྱད་གཞིའི་ཡིག་རིགས་ལ་གུས་མཇལ་ཞུས་པ་རེད།
ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཆི་ཧན་གྱིས་གཞུང་ཚབ་ཆེ་མོ་ཁང་གི་ཕྱི་འབྲེལ་དཔོན་དང་དེ་བཞིན་ཁྲའོ་ཞན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་ལས་རིགས་ཁག་གི་འཐུས་མི་དང་། ཁྲའོ་ཞན་དུ་འཚམས་འདྲི་བྱེད་བཞིན་པའི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའི་པུའུ་ཀྲང་གཞོན་པ་ཧུང་ཙུང་མིང་དང་བཅས་པ། ཁྲའོ་ཞན་གྱི་ཆེས་མཐོའི་མི་དམངས་ཚོགས་འདུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་ཧེང་ཀྲི་དང་དེ་བཞིན་ཁྲའོ་ཞན་ཏང་སྲིད་དམག་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་ལས་རིགས་ཁག་གི་འཐུས་མི་བཅས་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
ཉིན་དེར་ཁྲའོ་ཞན་ཧུའེ་ཚང་དང་། ཨན་ཀྲོའུ། ཁའེ་ཁྲེང་སོགས་སུའང་ཀྲུང་གོ་མི་དམངས་དང་བླངས་དམག་གི་སྔོན་གཤེགས་དཔའ་བོའི་བང་སོར་མཆོད་འབུལ་བྱེད་སྒོ་སྤེལ་བ་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱིས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ་བ་རེད།
འབྲེལ་ཡོད་གསར་འགྱུར།