དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས།

    《བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་སྲོལ་ཡིག》ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས《བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཡོངས་བསྒྲགས་བྱས་པ་དང་། 2026ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།

    《སྲོལ་ཡིག》དེའི་དམིགས་ཡུལ་ནི་བྱ་གཞག་ཚན་པའི་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། བྱ་གཞག་ཚན་པའི་སྤྱི་ཕན་རང་བཞིན་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་པ། བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་ཚད་ལྡན་དུ་གཏོང་བ། བྱ་གཞག་ཚན་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་བྱ་གཞག་ཚན་པའི་ནུས་པ་འདོན་སྤེལ་བྱ་ཆེད་རེད། 《སྲོལ་ཡིག》ལ་ཁྱོན་ལེའུ་6དང་དོན་ཚན་34ཡོད་པ་དང་ནང་དོན་གཙོ་བོ་གཤམ་གསལ་ཏེ།

    གཅིག་ནས་བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་གྱི་སྤྱིའི་རྩ་དོན་ཁ་གསལ་བཟོ་དགོས་ཤིང་། བྱ་གཞན་ཚན་པའི་ཐོ་འགོད་དོ་དམ་ལས་དོན་དེ་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། བྱ་གཞན་ཚན་པའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཁ་ཕྱོགས་མཐའ་འཁྱོངས། དམངས་ཀྱི་དོན་དུ་སྤྱི་ཕན་སྒྲུབ་པ་དང་། དོ་དམ་ནན་པོ་བྱེད་པ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་ཕན་འབྲས་ཆེ་བ། འགན་དབང་གཅིག་མཐུན་བཅས་མཐའ་འཁྱོངས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

    གཉིས་ནས་བྱ་གཞག་ཚན་པའི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བྱ་གཞག་ཚན་པས་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སྤྱད་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་ལ་གཞིགས་ནས་བྱ་གཞན་ཚན་པར་ཏང་རྩ་འཛུགས་འཛུགས་པ་དང་། བྱ་གཞག་ཚན་པའི་ཏང་གི་འགོ་ཁྲིད་ཀྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་དང་ཇུས་ཐག་གཅོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་ཡོད།

    གསུམ་ནས་བྱ་གཞན་ཚན་པའི་སྤྱི་ཕན་རང་བཞིན་གྱི་འགན་འཁྲིར་ཤུགས་སྣོན་རྒྱག་དགོས་ཤིང་། བྱ་གཞན་ཚན་པས་ངེས་པར་དུ་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་ཕན་འབྲས་སྔོན་ལ་འཇོག་པའི་སྟོན་ཕྱོགས་གསལ་པོ་འཛུགས་པ་དང་། སྤྱི་ཕན་རང་བཞིན་གྱི་འགན་འཁྲི་སྒྲུབ་ཤུགས་ཆེ་རུ་གཏོང་བ། སྤྱི་ཕན་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཕན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བྱ་གཞག་ཚན་པས་སྤྱི་ཕན་ཞབས་ཞུའི་གཙོ་འགན་གཙོ་ལས་ཀྱི་ཁ་ཕྱོགས་འཛོལ་མི་རུང་བ་དང་། གཏན་འབེབས་ཀྱི་འགན་འཁྲིའི་ཁྱབ་ཁོངས་ལས་བརྒལ་ནས་ལས་སྒོའི་བྱེད་སྒོ་སྤེལ་མི་རུང་བ། སྒྲིག་འགལ་ངང་ཁེ་ལས་གཉེར་མི་རུང་བ། ཁེ་གཉེར་མིན་པའི་ཁྲིམས་མིའི་གཏན་འབེབས་ལས་འགལ་མི་རུང་བ། དྲིལ་བསྒྲགས་རྫུས་མ་བྱེད་མི་རུང་བ་བཅས་ཀྱི་ནན་བཤད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

    བཞི་ནས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། གཙོ་གཉེར་སྡེ་ཚན་དང་བྱེད་སྒོ་སྤེལ་མཁན་ཚན་པས་ངེས་པར་དུ་བྱ་གཞག་ཚན་པར་ཁྲིམས་ལྟར་བྱེད་སྒོ་སྤེལ་བར་ལྟ་སྐུལ་དང་ཁྲིད་སྟོན་བྱེད་དགོས་པ་དང་། ལས་རིགས་དོ་དམ་སྡེ་ཚན་གྱིས་ངེས་པར་དུ་དགེ་རྒན་གྱི་ཀུན་སྤྱོད་དང་། སྨན་པའི་ཀུན་སྤྱོད། ཚན་ཞིབ་ཡིད་རྟོན་ལ་སོགས་པའི་ལས་རིགས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་པ། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ངེས་པར་དུ་བྱ་གཞན་ཚན་པའི་སྤྱི་ཕན་རང་བཞིན་གྱི་འགན་འཁྲི་སྒྲུབ་ཚུལ་གྱི་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་ལྟ་སྐུལ་ཞིབ་བཤེར་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་ཡོད་སྡེ་ཚན་དང་ལྟ་འདོམས་མཉམ་འགུལ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པའི་གཏན་འབེབས་བྱས་ཡོད།

    ལྔ་ནས་ཐོ་འགོད་ཞབས་ཞུ་ཚད་ལྡན་དང་ལེགས་སུ་གཏོང་དགོས་ཤིང་། བྱ་གཞན་ཚན་པས་གཏན་འབེབས་ལྟར་ཐོ་འགོད་བྱས་ཏེ་ཁྲིམས་མིའི་ཐོབ་ཐང་ལེན་དགོས་པ་དང་། ཐོ་འགོད་བྱས་མེད་ཚེ་བྱ་གཞན་ཚན་པའི་ཁྲིམས་མིའི་མིང་ཐོག་ནས་བྱེད་སྒོ་སྤེལ་མི་ཆོག བྱ་གཞན་ཚན་པ་ཕྱིར་འཐེན་དང་ཟླ་སྒྲིལ་བཏང་བ་སོགས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མཐུན་རིགས་སྟབས་བདེའི་བྱ་རིམ་སྤྱད་དེ་ཐོ་ཁོངས་ནས་སུབ་ཆོག ཐོ་འགོད་དོ་དམ་ལས་ཁུངས་དང་བྱ་གཞག་ཚན་པས་ངེས་པར་དུ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བྱ་གཞག་ཚན་པའི་ཐོ་འགོད་དོ་དམ་ཆ་འཕྲིན་ལས་སྟེགས་བརྒྱུད་དུས་ཐོག་ཏུ་ཐོ་འགོད་དོ་དམ་གྱི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།