དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནན་ཅིང་གི་AIརིག་ནུས་འཕྲུལ་ཆས་བསྡུ་འགྲེམས་ལྟེ་གནས་ལ་བསྐྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-29

    འདི་ནི་ཉིན་དེར་བསྡུ་འགྲེམས་ལྟེ་གནས་AIརིག་ནུས་ཀྱི་མཐའ་སྣེའི་འཛད་སྤྱོད་ལྟེ་གནས་ཀྱི་ལས་དོན་པ་ཞིག་གིས་རྒྱུད་སྐུད་མེད་པའི་རོལ་ཆ་ཀི་ཐར་དཀྲོལ་བཞིན་པ།

    ཟླ་10ཚེས་26ཉིན། ཅང་སུའུ་ནན་ཅིང་གི་AIརིག་ནུས་འཕྲུལ་ཆས་བསྡུ་འགྲེམས་ལྟེ་གནས་ཀྱིས་མི་ཐབས་རིག་ནུས་ཀྱི་གྲུབ་འབྲས་འགྲེམས་སྟོན་དང་། ཡུལ་རྣམ་ཉམས་ལེན། མཁོ་སྤྲོད་སྦྲེལ་མཐུད། ཁྲོམ་ར་གཞན་སྒྱུར་བཅས་ཡོང་བར་དམིགས་ནས་འཛུགས་སྐྲུན་གཉེར་སྐྱོང་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཁར་རིམ་འཇུག་རིམ་སྤོར་བྱས་པ་བརྒྱུད། ཐོན་རྫས་ཀྱི་རྣམ་པ་དང་། ཞབས་འདེགས་ཞུ་ཡུལ། བཀོལ་སྤྱོད་བྱེད་སྟངས་བཅས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་མི་ཐབས་རིག་ནུས་ཀྱི་ཁེ་ལས་དང་། བཀོལ་སྤྱོད་ཀྱི་དགོས་མཁོ། འཛད་སྤྱོད་ཁྲོམ་ར་བཅས་སྦྲེལ་མཐུད་ཐུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་ཧུར་ཐག་གཏོད་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།