དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འབྲས་ལྡན་དུས་སུ་ཡར་ཀླུང་ས་གཞི་སེར་མདོག་གོས་ཀྱིས་བརྒྱན། ཕྱོགས་བཞིའི་སྐུ་མགྲོན་མ་བོས་མགྲོན་དུ་དགའ་བདེའི་དཔལ་ལ་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    འབྲས་ལྡན་དུས་ཀྱི་ཟླ་བ་བཅུ་པར། ཡར་འབྲོག་གཡུ་མཚོའི་འགྲམ་དུ་སྒེར་འཁོར་གཏོང་མཁན་ཁག་གཅིག་མཚོ་སྐོར་གཞུང་ལམ་བརྒྱུད་དེ་རླངས་འཁོར་དལ་བུར་བཏང་ནས་ལྗོངས་གཟིགས་སྒང་ཡོད་སར་བསྡད།

    སྟོན་ལྗོངས་སྣུམ་ཚོན་རི་མོ་ཇི་བཞིན་ཧ་ཅང་ཉམས་དགའ་བས་ཡུལ་སྐོར་བ་མང་པོ་ཞིག་སྐྱིད་པའི་ལྷོ་ཁར་ཡོང་བའི་ཡིད་དབང་འཕྲོག ཡུལ་སྐོར་བ་མང་པོ་ཞིག་གིས་བྲེལ་བྲེལ་འཚུབ་འཚུབ་མི་བྱེད་པར་ས་མཐོ་ཁོ་ནར་དབང་བའི་སྟོན་གྱི་མཛེས་པ་ལུས་སེམས་གཉིས་ཀས་ཉམས་སུ་མྱོང་ཞོར་ཡུལ་གོམས་གཤིས་ལུགས་ལ་ཉམས་ལེན་བྱེད། རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་རར་གསོན་ཤུགས་སྦྱིན་ཆེད། ལྷོ་བྲག་རྫོང་གིས་སྒྲུབ་མཚོ་པད་མ་གླིང་དང་མཁར་ཆུའི་ལྟེ་བའི་མཛེས་ལྗོངས་ཁུལ་གཉིས་སུ“བོད་ལྗོངས་ལྷོ་རྒྱུད་ཀྱི་རོང་ཁུལ་དུ་ཡུལ་སྐོར་བྱེད། སྦས་ཡུལ་ལྷོ་བྲག་ཏུ་བདེ་ལ་རོལ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་ནས། དམངས་སྲོལ་མཉམ་འགུལ་དང་། བོད་ཆས་གྱོན་པ། ཐོན་ཟོག་ཡག་པོ་འགྲེམས་ཚོང་སོགས་ཀྱི་དུས་ཆེན་གྱི་ཉམས་ལེན་རྣམ་གྲངས་བཏོན་པ་དང་། རྒྱལ་སྟོན་གུང་གསེང་རིང་རིམ་རྩིས་བརྒྱབ་ན་མི་ཐེངས་300ཙམ་བྱེད་སྒོ་དེར་ཞུགས་ཡོད་པ་རེད།

    སྟོན་དུས་སུ་ཡུལ་སྐོར་ཟབ་མོ་བྱེད་པ་དེས་ལམ་རྒྱུད་རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་ལའང་ཚ་རླབས་ཤིག་འཕྱུར་ཡོད། དེའི་ཐད་ལྷུན་རྩེ་རྫོང་རྩ་རི་གྲོང་རྡལ་གྱི་དམངས་སྲོལ་གནས་ཚང་གཉེར་མཁན་སྒྲོལ་མར་བག་ཆགས་ཟབ་མོ་བྱུང་ཡོད་པ་སྟེ། ཁོང་གིས“ཉེ་བའི་ལོ་གཉིས་རིང་། མཐའ་མཚམས་ཀྱི་རིག་གནས་ཡུལ་སྐོར་གྱི་ཚ་རླབས་རིམ་བཞིན་ཆེ་རུ་ཕྱིན་ཏེ་རྒྱལ་སྟོན་རིང་དམངས་སྲོལ་གནས་ཚང་མང་ཆེ་བ་སྔ་ས་ནས་མངགས་སོང་། ཡུལ་སྐོར་བས་གངས་རི་དང་མཚོའི་ཡིད་འོང་མཛེས་ལྗོངས་ཉམས་སུ་མྱོང་བ་མ་ཟད། ད་དུང་ས་མཐོའི་ཟས་མཆོག་གི་བྲོ་བ་མྱོང་ཆོག་ལ་དམངས་སྲོལ་བྱེད་སྒོར་ཡང་ཞུགས་ཆོག་པས། རང་བྱུང་ལྷུན་གྱིས་གྲུབ་པའི་རི་ཆུའི་མཛེས་ལྗོངས་དང་ང་ཚོའི་ལུང་པའི་སྣ་མང་ཕུན་སུམ་ཚོགས་པའི་མི་ཆོས་རིག་གནས་ཀྱིས་མི་དེ་བས་མང་བ་རི་གྲོང་དུ་སྟོན་གྱི་མཛེས་པ་ཉམས་སུ་མྱོང་བར་ཡིད་དབང་འགུག་བཞིན་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    རང་བྱུང་ཁམས་ཀྱིས་དབྱར་གྱི་གོས་ལྗང་ཕུད་ནས་སྟོན་གྱི་གོས་སེར་བཀླུབས་པ་དང་བསྟུན་ལྷོ་ཁའི་ཞབས་ཞུ་ཡང་ལེ་ལག་ཚང་དུ་བཏང་ཡོད་དེ། ལྷོ་ཁའི་མཛེས་ལྗོངས་ཁུལ་ཁག་གི་མཐའ་འཁོར་དུ་ས་ཚུགས་ཆུང་ངུ་དང་། གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་། ཁྱད་ལྡན་ཁྲོམ་བཀྱག་སོགས་གཅིག་རྗེས་གཉིད་མཐུད་ངང་མང་དུ་བཏང་བས་ས་མཐོའི་འཁོར་གཏོང་ཡུལ་སྐོར་གྱི་ཆ་རྐྱེན་རིམ་གྱིས་ལེགས་སུ་འགྲོ་བཞིན་ཡོད་པ་དང་། མཛེས་ལྗོངས་ཁུལ་མང་པོས་སྒོ་འཛིན་གྱི་རིན་པ་ཆག་ཡང་དང་རྩ་ཆག་གཏོང་བའི་དམངས་ཕན་གྱི་བྱེད་ཐབས་ལག་ལེན་བསྟར་ཡོད། སྣ་དཀར་རྩེ་རྫོང་གིས་སྨན་བཅོས་ཞབས་ཞུ་མཛེས་ལྗོངས་ཁུལ་གྱི་འཐབ་ས་དང་པོར་སྣུར་སྲིང་བྱས་པ་དང་ལྗོངས་གཟིགས་སྒང་ཁག་གིས་རྒྱུན་རྣམ་ཅན་གྱི་དང་བླངས་ཞབས་ཞུ་སྤེལ་ནས། ཡུལ་སྐོར་བས་བློ་བདེ་བག་ཕེབས་ངང་སྟོན་གྱི་མཛེས་པ་མྱོང་བར་གཡས་གཞོགས་གཡོན་འདེགས་བྱས་ཡོད་པ་རེད།

    སྟོན་དུས་སུ་ལྷོ་ཁར་ཡུལ་སྐོར་ལ་བསྐྱོད་ན་གང་སར་གཏམ་བཟང་གིས་ཁེངས་ནས་ཡོད་དེ། སྣ་དཀར་རྩེ་རྗོང་གིས་ཡར་འབྲོག་གཡུ་མཚོའི་ལོ་ལེགས་དུས་ཆེན་དང་རྒྱུད་བཟང་སྒོ་ཕྱུགས་ཀྱི་འགྲན་བསྡུར་གྱི་བྱེད་སྒོ་གཉེར་བ་དང་། གྲ་ནང་རྫོང་གིས་སྣམ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་རྩལ་ནུས་ཉམས་ལེན་བྱེད་སྒོ་གཙོ་བོར་སྤེལ་བ། མཚོ་སྣ་གྲོང་ཁྱེར་གྱིས་མཐའ་མཚམས་ཀྱི་མཚན་ཁྲོམ་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་འདེད་བཏང་ཡོད། ལྷོ་ཁ་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས། དྲ་གྲགས་གཞུང་ལམ་དང་། སྲོལ་རྒྱུན་གྱི་གྲོང་སྡེ། མངོན་མིན་རིག་གནས་ཤུལ་བཞག་ཁུལ་བཅས་དང་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མཉམ་འདྲེས་བྱས་ཏེ་སྟོན་དུས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཡོད། ས་ཕྱོགས་གཞན་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས“ལྷོ་ཁར་ཟབ་སྐྱོད་བྱེད་ཐེངས་དང་པོ་ཡིན། གངས་རི་དང་བླ་མཚོའི་ཡིད་འོང་མཛེས་ལྗོངས་མཐོང་བ་མ་ཟད། ཡུལ་སྐོར་སྤྲོ་གསེང་གི་རྣམ་གྲངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་འདུག་པས་དངོས་གནས་སྐྱིད་པོ་བྱུང་། ཡོང་རིན་ཆོག་སོང”ཞེས་མྱོང་ཚོར་ཟབ་མོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།