དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཉིང་ཁྲིའི་མཐའ་མཚམས་ཀྱི་འཐབ་ས་དང་པོར་བརྟག་ཞིབ་ཏུ་ཕེབས་ནས་དམངས་འཚོ་འགན་ལེན་དང་མཐའ་སྟོབས་མཐའ་སྲུང་གི་ལས་དོན་ལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    ཉེ་ཆར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཕུན་ཚོགས་བསྟན་འཛིན་གྱིས་བརྟག་ཞིབ་ཚོགས་ཆུང་གི་སྣེ་ཁྲིད་དེ་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་དང་མེ་ཏོག་མཐའ་མཚམས་ཀྱི་འཐབ་ས་དང་པོར་ཕེབས་ཏེ་མཐའ་མཚམས་འཛུགས་སྐྲུན་འཕེལ་རྒྱས་དང་། དམངས་སྲིད། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཞབས་ཞུའི་སྒྲིག་གཞི་འཁོར་སྐྱོད་དོ་དམ། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན། རྒྱ་གྲམ་དམར་རྟགས་ཚོགས་པའི་མི་ཆོས་རིག་གནས་བྱ་གཞག་འཕེལ་རྒྱས་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཞབས་ཞུའི་སྒྲིག་གཞི་དང་ལས་དོན་མི་སྣར་འཚམས་འདྲི་ཡང་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས། མཐའ་མཚམས་ས་ཁུལ་ནི་ས་སྲུང་མཐའ་བརྟན་གྱི་འགོག་རགས་དང་པོ་དེ་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐའ་མཚམས་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་བ། མཐའ་བརྟན་མཐའ་དར་གྱི་དམངས་ཕྱུག་བྱ་སྤྱོད་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

    བརྟག་ཞིབ་ཚོགས་ཆུང་གིས། བདེ་འཇགས་ཐོན་སྐྱེད་ནི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ཀྱི་སྲོག་རྩ་ལྟ་བུ་རེད། བདེ་འཇགས་ཀྱི་མཐའ་ཚད་འཛིན་སེམས་བརྟན་པོ་འཛུགས་པ་དང་། མེ་ཟོན་དང་། བཟའ་བཅའ། སྒྲིག་བཀོད་འཁོར་སྐྱོད་བདག་སྐྱོང་སོགས་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་པ། རྒྱུན་རྣམ་ཅན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་གདུབ་ཟུམ་དག་ཐེར་བཅས་བྱེད་དགོས། གྲངས་འཛིན་ཅན་གྱི་ལྟ་འདོམས་ལས་སྟེགས་བསྐྲུན་ནས་གྲངས་རིག་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ་དང་། རིག་ནུས་དུ་ཚོར་དང་གློག་ཤུགས་ལྟ་ཞིབ་ཚད་ལེན་སོགས་རིག་ནུས་ཉེན་འགོག་བདེ་སྲུང་སྒྲིག་བཀོད་སྒྲིག་སྦྱོར་བྱེད་པ། མི་དང་སྒྲིག་ཆས་ཀྱི་ཟོན་འགོག་དང་གྲངས་རིག་གི་ཟོན་འགོག་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།