དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2026ལོའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    2026ལོའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས“བོད་དུ་སྐྱོད་པའི”བྱེད་སྒོ་ཚེས་27ཉིན་ལྷ་སར་སྤེལ་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཚེ་རིང་ཕུན་ཚོགས་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་མཉམ་ལས་ཀྱི་རྣམ་གྲངས་ཁག་9ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར་2.62ཟིན་པ་མ་ཟད། ལྗོངས་ཕྱིའི་སྣེ་འདྲེན་ཁེ་ལས་ལ་ཞིང་འབྲོག་ལས་ཀྱི་རྣམ་གྲངས་ཁག་38འོས་སྦྱོར་བྱས་པར་མ་དངུལ་སྒོར་དུང་ཕྱུར་8.74ཟིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཕྱི་ནང་གི་སྣེ་འདྲེན་ཁེ་ལས་ཀྱི་འཐུས་མི་དང་། ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)ཡི་ལས་བགོས་འགན་འཁུར་བློ་མཐུན། བོད་སྐྱོར་ལས་དོན་རུ་ཁག་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད། ཟླ་10ཚེས་28དང་29ཉིན། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ལྗོངས་ཕྱི་ནང་གི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་30ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་སོགས་གྲོང་ཁྱེར་དུ་བསྐྱོད་དེ་ས་ཡུལ་དངོས་ལ་རྟོག་ཞིབ་བྱས་ནས་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་དོན་འཁྱོལ་དང་དེ་ལས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།