དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཞིང་ལས་ཤེས་བྱའི་དཔེ་དབྱིབས་ཆེན་པོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    ཉེ་ཆར། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ས་མཐོའི་རིག་ལྡན་ཞིང་ལས་མཉམ་འབྲེལ་ཚོད་ལྟ་ཁང་གི་ལོ་འཁོར་ཚོགས་འདུའི་ཐོག་མཉམ་དུ་བོད་ཀྱི་ཞིང་ལས་ཤེས་བྱའི་དཔེ་དབྱིབས་ཆེན་པོ་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་ཞིང་ལས་ཤེས་བྱའི་དཔེ་དབྱིབས་ཆེན་པོས“ཞིང་ལས་ལ་རྒྱུས་མངའ་དང་། ཞིང་ལས་ཤེས་པ། ཞིང་ལས་ལ་རམ་འདེགས། ཞིང་ལས་དར་སྤེལ”བཅས་ལྟེ་བའི་འདུ་ཤེས་སུ་བཟུང་ཞིང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཞིང་ལས་ཚན་རྩལ་གསར་གཏོད་དང་། ཐོན་སྐྱེད་ལག་ལེན། ལག་རྩལ་ཁྱབ་གདལ། ཞིང་ལས་ཐབས་ཇུས་སོགས་སྣ་མང་བཀོལ་སྤྱོད་ཀྱི་རྣམ་པར་ཞབས་འདེགས་ཞུ་བ་དང་། བོད་ཀྱི་ཞིང་ལས་ཀྱི་རྣམ་པ་ཧྲིལ་པོར་གནད་སྨིན་མཐུན་རྐྱེན་སྦྱོར་བ། ཚན་ཞིབ་གསར་གཏོད་ལ་རམ་འདེགས་བཅས་བྱས་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་ནུས་ཀྱི་སྒུལ་ཤུགས་སྣོན་ཆེད་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།