དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-29

    ཉེ་ཆར། 2026ལོའི་ཀྲུང་གོའི་རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་ཚོགས་ཆེན་ཐོག་ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ཐོབ་པ་དེ་ཡང་རང་ལྗོངས་ཀྱི་དམིགས་བསལ་གཟི་བརྗིད་མཚན་སྙན་ཐོབ་མཁན་གྲོང་ཁྱེར་གཅིག་པུ་ཡིན་པ་མ་ཟད། རྒྱལ་ཡོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར་10ལ་མ་གཏོགས་བྱ་དགའ་དེ་ཐོབ་མེད་པ་རེད།

    “རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས(བསྡུས་མིང་ལ་རྒྱལ་ཡོངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཟེར)ཀྱིས་བཙུགས་ཤིང་། དེ་ཡང་གྲོང་ཁྱེར་ཁག་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་མཐུན་གྲོང་ཁྱེར་དབར་འགྲོ་འོང་བྱེད་རིང་དམིགས་བསལ་གྱི་ལེགས་སྐྱེས་དང་ཕུལ་བྱུང་གྲུབ་འབྲས་ཐོབ་པར་གཟེངས་བསྟོད་བྱེད་པར་སྤྲོད་ཀྱི་ཡོད་པ་རེད།

    2008ལོར་ནེ་པ་ལའི་པོ་ཁེ་ལ་གྲོང་ཁྱེར་དང་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་བཙུགས་ཚུན། ཉིང་ཁྲི་གྲོང་ཁྱེར་གྱིས་པོ་ཁེ་ལ་གྲོང་ཁྱེར་དང་དངོས་སྒྲུབ་མཉམ་ལས་ལ་སྔ་ཕྱི་བར་གསུམ་དུ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱི་ཕྱོགས་དང་མཛའ་མཐུན་འགྲོ་འོང་གི་ཐབས་ལམ་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་། དམངས་ཁྲོད་སྤེལ་རེས་ལས་སྟེགས་བཏོད་དེ་གཞོན་ནུའི་སྤེལ་རེས་དང་། སྨན་བཅོས་རོགས་སྐྱོར། ལུས་རྩལ་དང་རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། ཕྱི་ཕྱོགས་ལ་ཉིང་ཁྲིའི་སྐྱེ་ཁམས་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པས། རྒྱལ་ཡོངས་ཕྱི་ཕྱོགས་མཛའ་མཐུན་མཐུན་ཚོགས་ཀྱིས་ཉིང་ཁྲི་གྲོང་ཁྱེར་ལ“རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།