བཀོད་སྒྲིག་བྱ་ཡུལ་དུ་ཤིན་ཅང་གི་ཨ་ཁུ་ཨ་ལི་མུའུ་ཡིས་དྲི་ཞིམ་འཐུལ་བའི་ཤིན་ཅང་གི་ཟ་མ་བཟོས་པ།

འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ཕྲུ་གུ་ཚོར《ལེ་ཧྥུང་གི་ཉིན་ཐོ》སྤྲོད་བཞིན་པ།

འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ཕྲུ་གུར་ཤིན་ཅང་གི་བག་ལེབ་སྤྲོད་བཞིན་པ།

འདི་ནི་ཟླ་10ཚེས་26ཉིན། སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་ཨཱ་པུའུ་ཏུའུ(གཡོན)དང། ཀྲེ་ཅཱ་ཤིན(དཀྱིལ) ཨ་ལི་མུའུ་ཅང·ཧ་ལི་ཁེ(གཡས)བཅས་ཀྱིས་ཕིང་བརྔོས་མ་བཟོ་བཞིན་པ།(པར་རིས་ཚང་མ་ཤིན་ཧྭ་གསར་འགྱུར་ཁང་ནས་བདམས)
ཟླ་10ཚེས་26ཉིན་གྱི་ཕྱི་དྲོར། ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ཤིན་ཅང་གི་ཟ་མ་དབུགས་རྡིག་གང་བཟོས་ནས་ཚ་ཐོག་ལ་འཕྲལ་མར་བཀོད་སྒྲིག་བྱ་ཡུལ་གྱི་མང་ཚོགས་ལ་བགོས་པས། ས་ཡོམ་གྱི་གནོད་འཚེའི་ཁྲོད་དུ་ལུས་པའི་མི་རྣམས་ལ་དྲོ་སྐྱིད་ཚོར་སྣང་ཟབ་པ་དང་དྲི་ཞིམ་འཐུལ་བའི་ཟ་མ་ཟ་རྒྱུ་བྱུང་ཡོད།
ཚེས་23ཉིན། ཤིས་ཨན་དུ་ཡོད་པའི་ཨ་ལི་མུའུ་ཅང·ཧ་ལི་ཁེ་ཡིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་ཤེས་འཕྲལ་གེགས་ཁུལ་དུ་བསྐྱོད་རྒྱུའི་སེམས་ཐག་བཅད།
ས་མཐོར་རླུང་གནོན་དམའ་བ་དང་ཁ་ལག་བཟོ་སྐབས་དབུགས་རྡིག་དང་ཁ་འབྲལ་ཐབས་མེད་པ་ཤེས་སྐབས། ཁོང་ཆེད་མངགས་གནམ་གྲུར་བསྡད་དེ་ཤིས་ཨན་ནས་ཝུའུ་ལུའུ་མུའུ་ཆིར་བསྐྱོད་དེ་དབུགས་རྡིག་གཉིས་ཁྱེར་ནས་ཚེས་25ཉིན་སྦྲ་ཆེན་རྫོང་དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་ཡོང་། འོན་ཀྱང་ས་བབ་མཐོ་བའི་ས་ཁུལ་དུ་སླེབས་མ་ཐག་ཨ་ལི་མུའུ་ཅང་ལ་ལ་དུག་ཤུགས་ཆེན་ཕོག་ཡོད། ཉེ་འགྲམ་གྱི་བོད་ཐུག་ཟ་ཁང་གི་སྦྱིན་བདག་གིས་འཁྱེར་ཡོང་བའི་ཇ་མངར་མོ་ཕོར་པ་དོ་བཏུངས་རྗེས་ཅུང་བདེ་རུ་ཕྱིན་ཞིང་། ཁོང་གིས“ཇ་མངར་མོ་དེ་ཧ་ཅང་ཕན་པོ་འདུག ན་ནིང་དིང་རིར་རོགས་སྐྱོབ་བྱེད་པར་སྐྱོད་སྐབས་ཀྱང་ཇ་མངར་མོ་བཏུངས་རྗེས་ལ་དུག་སེལ་ཐུབ་པ་བྱུང”ཞེས་བཤད།
མི་མང་པོ་ཞིག་ཨ་ལི་མུའུ་ཅང·ཧ་ལི་ཁེ་ལ་རྒྱུས་མངའ་ཆེན་པོ་ཡོད་དོན་ནི་ཁོང་ལ་གཟི་བརྗིད་མཚན་སྙན་མང་པོ་ཡོད་པས་རེད། ཁོང་1971ལོའི་ཟླ་4པར་ཤིན་ཅང་ཧོ་ཅིང་རྫོང་དུ་སྐྱེས་པ་དང་། 2001ལོར་ཀུའེ་ཀྲོའུ་པི་ཅེ་རུ་བསྐྱོད་དེ་འཚོ་བ་བསྐྱལ་བ། དུས་ཡུན་རིང་པོའི་ནང་སློབ་མ་དབུལ་པོར་རིམ་རྩིས་བརྒྱབ་ན་ཞལ་འདེབས་སྒོར་ཁྲི་20ལྷག་ཙམ་བརྒྱབ་པ། རོགས་དངུལ་སྤྲད་པའི་སློབ་མ་བརྒྱ་ཕྲག་ཟིན་པ། ཀུའེ་ཀྲོའུ་པི་ཅེ་སློབ་གླིང་དུ“ཨ་ལི་མུའུ་ཅང་སློབ་སྐྱོར་རོགས་དངུལ”ཡང་བཙུགས་ཡོད། ཁོང་གིས་ད་དུང་སྤྱི་ཕན་རོགས་སྐྱོབ་ལ་ཐེངས་མང་ཞུགས་པའི་ནང་རིར་མཆེད་པའི་མེ་གསོད་པར་ཞུགས་པ་དང་དངོས་ཟོག་ཞལ་འདེབས་ཕུལ་བ་སོགས་ཚུད་ཡོད། 2011ལོའི་ཟླ་9ཚེས་20ཉིན། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་སྐབས་གསུམ་པའི་ནང་ཁོང་ལ“རྒྱལ་ཡོངས་ཀྱི་གཞན་ཕན་སྒྲུབ་པར་དགའ་བའི་དཔེ་བཟང”གི་མཚན་སྙན་ཐོབ་པ་རེད། 2012ལོའི་ཟླ་2ཚེས་3ཉིན་ཁོང་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣར་བདམས་པ་རེད།
ཡིན་ནའང་བཀོད་སྒྲིག་བྱ་ཡུལ་དུ་གཟི་བརྗིད་མཚན་སྙན་དེ་དག་ཚང་མ་རྒྱབ་ཏུ་བསྐྱུར་ནས་ཁོང་ནི་གེགས་ཁུལ་མང་ཚོགས་ལ་ཟ་མ་བཟོ་མཁན་ཨ་ཁུ་ཨ་ལི་མུའུ་རེད། ཨ་ལི་མུའུ་ཅང་གིས་ལྷག་བསམ་དཀར་པོས་རོགས་སྐྱོར་བྱས་པར་གེགས་ཁུལ་མང་ཚོགས་ཀྱིས་ཀྱང་ཁོང་གི་བཀའ་དྲིན་ཚོར་གྱི་ཡོད།
ས་གནས་དེ་གའི་མང་ཚོགས་ཀྱིས་ཁོང་ས་ཐག་རིང་པོ་ནས་ཡོང་བ་དང་གཟུགས་པོ་བདེ་པོ་མེད་པར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཁོང་ཚོས་རང་འགུལ་ངང་ཁོང་སྒྲིག་ཁང་ནང་སྤོ་རུ་བཅུག་པ་མ་ཟད། ད་དུང་ཆེད་མངགས་ཁོང་ལ་ཇ་བསྲུབས་མ་བླུགས་པ་སོགས་བབ་ཆགས་ཤོས་ཀྱི་བྱེད་ཐབས་ཐོག་ནས་ཐག་རིང་ནས་ཡོང་བའི་མགྲོན་པོ་སེམས་བཟང་ཅན་དེར་ལྟ་རྟོག་བྱས།
ཨ་ལི་མུའུ་ཅང་གིས“ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པས་གང་དུ་དཀའ་ངལ་ཡོད་ཚེ་ཚང་མས་ཕན་ཚུན་རོགས་རམ་བྱེད་དགོས”ཞེས་རྟག་ཏུ་བརྗོད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།