2027ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱིས་ཡོངས་བསྒྲགས་འདེམས་སྒྲུག་དང་ཡོངས་བསྒྲགས་འདེམས་སྒྱུར་གྱི་གཞུང་ཞབས་པ་མིང་ཐོ་འགོད་འགོ་ཚུགས་པ།
2027ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱིས་ཡོངས་བསྒྲགས་འདེམས་སྒྲུག་དང་ཡོངས་བསྒྲགས་འདེམས་སྒྱུར་གྱི་གཞུང་ཞབས་པ་མིང་ཐོ་འགོད་འགོ་ཚུགས་ཤིང་། རྒྱུགས་སྤྲོད་མཁན་གྱིས་ཟླ་10ཚེས་28ཉིན་གྱི་ཆུ་ཚོད་8:00ནས་ཟླ་11ཚེས་6ཉིན་གྱི་ཆུ་ཚོད་18:00བར། “2027ལོའི་ལོ་འཁོར་གྱི་ཀྲུང་དབྱང་ལས་ཁུངས་ཀྱི་ཡོངས་བསྒྲགས་འདེམས་སྒྲུག་དང་ཡོངས་བསྒྲགས་འདེམས་སྒྱུར་གྱི་གཞུང་ཞབས་པའི་ཆེད་དོན་དྲ་ཚིགས”(http://subb.scs.gov.cn/lx2027)བརྒྱུད་ནས་མིང་ཐོ་འགོད་ཆོག་པ་དང་། ཡིག་རྒྱུགས་ཟླ་11ཚེས་28ཉིན་རྒྱལ་ཡོངས་ཀྱི་ཐད་སྐྱོང་གྲོང་ཁྱེར་དང་། ཞིང་ཆེན་ལྟེ་བའི་གྲོང་ཁྱེར། རང་སྐྱོང་ལྗོངས་ལྟེ་བའི་གྲོང་ཁྱེར་བཅས་སུ་དུས་གཅིག་ཏུ་གཏོང་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་ཡོངས་བསྒྲགས་འདེམས་སྒྲུག་དང་ཡོངས་བསྒྲགས་འདེམས་སྒྱུར་ནང་ཀྲུང་དབྱང་ལས་ཁུངས་ཀྱི་སྡེ་ཚན་བསྡོམས་42ཡོད་པ་དང་མི་213འདེམས་སྒྲུག་བྱ་རྩིས་ཡོད་པ་རེད། དེའི་ནང་། ཡོངས་བསྒྲགས་འདེམས་སྒྲུག་གི་གོ་གནས་ནང་ཁྲུའུ་ཀྲང་གཞོན་པའི་གོ་གནས་དང་རིམ་པ་དང་པོའི་བརྟག་ཞིབ་པ་དང་དེ་མན་གྱི་གོ་གནས་རིམ་པ་ཚུད་ཡོད་པ་དང་། མི་197འདེམས་སྒྲུག་བྱ་རྩིས་ཡོད་པ་རེད། ཡོངས་བསྒྲགས་འདེམས་སྒྱུར་གྱི་གོ་གནས་ནི་རིམ་པ་དང་པོ་ནས་བཞི་པ་བར་གྱི་བརྟག་ཞིབ་པའི་གོ་གནས་ཡིན་པ་དང་མི་16འདེམས་སྒྲུག་བྱ་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།