《2026ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙན་ཞུ》བཀྲམ་པ།
2025ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ལྷག་ཙམ་ཟིན་པ།
ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རང་བྱུང་ཐོན་ཁུངས་པུས《2026ལོའི་ཀྲུང་གོའི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་ནས་རང་རྒྱལ་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཤིང་། སྙན་ཞུའི་ནང་མངོན་པར། 2025ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ལས་བརྒལ་བ་དེས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་7.9%བཟུང་ནས་རྒྱ་མཚོའི་དཔལ་འབྱོར་དེ་རྒྱལ་དམངས་དཔལ་འབྱོར་གྱི་འཕར་སྣེ་གལ་ཆེན་ཞིག་ཏུ་གྱུར་ཏེ་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་གྱི་རྨང་གཞི་དེ་བས་བརྟན་པ་དང་སྤུས་ཚད་དེ་བས་ལེགས་སུ་ཕྱིན་ཡོད།
དེང་རབས་ཀྱི་རྒྱ་མཚོའི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ཞིང་། གྲུ་གཟིངས་དང་རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་དང་། རྒྱ་མཚོའི་འགྲིམ་འགྲུལ་སྐྱེལ་འདྲེན། རྒྱ་མཚོའི་ཉ་ལས་སོགས་རྒྱ་མཚོའི་ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། རྒྱ་མཚོའི་གསར་དར་ཐོན་ལས་ཀྱི་སྒུལ་ནུས་ཟམ་མི་ཆད་མེད་པར་གཅིག་སྡུད། མཚོ་ཐོག་རླུང་གློག་དྲ་སྦྲེལ་གྱི་འཕྲུལ་འཁོར་གྱི་གློག་འདོན་གཞི་ཁྱོན་དང་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གློག་འདོན་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་རྒྱུན་འཁྱོངས་ཐུབ་པ། མཚོ་ཆུ་ཚྭ་མེད་བཟོ་བའི་ལས་གྲྭའི་ཉིན་རེའི་ཐོན་སྐྱེད་གཞི་ཁྱོན་ཏུན་ཁྲི་300ལས་བརྒལ་བ། རང་བརྟེན་ཞིབ་སྤེལ་གྱི་རྒྱ་མཚོའི་སྨན་རྫས་རིགས་ཀྱིས་གོ་ལ་ཧྲིལ་པོའི་28%བཟུང་བ། མཚོ་དོན་གྱི་གནས་སྐབས་ཁྲུན་གཅོད་དང་རྒྱལ་སྤྱིའི་གྲུ་གཟིངས་ཐོ་འགོད་སོགས་གྲུ་ལམ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལ་ཕན་འབྲས་དངོས་ཐོན་ཡོད།
རྒྱ་མཚོའི་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མཉམ་ལས་བྱེད་རྒྱ་ཟམ་མི་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུཌ་50ལྷག་ཙམ་དང་རྒྱ་མཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། 《<མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་སྤྱི་ཆིངས>འོག་གི་རྒྱལ་ཁབ་ཀྱི་དོ་དམ་ཁྱབ་ཁོངས་ཕུད་པའི་ས་ཁོངས་ཀྱི་རྒྱ་མཚོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་རྒྱུན་མཐུད་བེད་སྤྱོད་ཆོག་པའི་གྲོས་ཆོད》ཀྱི་གྲོས་མོལ་འཕེལ་རིམ་ནང་དགེ་མཚན་ལྡན་པའི་ངང་ཞུགས་པ་དང་འབྲེལ། མིང་རྟགས་འགོད་པ་དང་ཆོག་མཆན་སྤྲོད་རྒྱུར་སྐུལ་འདེད་བཏང་ནས་ཆིངས་ཡིག་འཇོག་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་སུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།