དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀོང་ཀྲོའུ་ཚོང་འདུས་སྐབས་140པའི་དུས་ཐེངས་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-28

    འདི་ནི་ཕྱི་རྒྱལ་གྱི་ཚོང་པས(གཡོན)ཀོང་ཀྲོའུ་ཚོང་འདུས་ཀྱི་དུས་ཐེངས་གཉིས་པར་དཀར་ཡོལ་གྱི་ཐོན་རྫས་ཉོ་བཞིན་པ།

    ཚེས་23ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་140པའི་དུས་ཐེངས་གཉིས་པ་ཀོང་ཏུང་གི་ཀོང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། གསར་འགོད་པར་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་ཀོང་ཀྲོའུ་ཚོང་འདུས་ཀྱིས“སྤུས་ལེགས་ཁྱིམ་ཆས”བརྗོད་དོན་གཙོ་བོར་བྱས་པ་དང་། འགྲེམས་སྟོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་51.5ཟིན་པར་འགྲེམས་གནས་ཁྲི་2.5ཙམ་ཡོད་ཅིང་། ཁྱིམ་ཚང་གི་མཁོ་ཆས་དང་། ལག་རྟགས་དང་མཛེས་རྒྱན་སྤྲོས་ཆས། འཛུགས་སྐྲུན་རྒྱུ་ཆ་དང་ཁྱིམ་ཆས་བཅས་ནང་དོན་ཁག་ཆེན་པོ་གསུམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཡོད། ཕྱིར་གཏོང་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་ཁྲི་1.1ཙམ་ཡོད་པ་དང་ཐོན་རྫས་ཁྲི་237.6འགྲེམས་སྟོན་བྱས་པའི་ནང་ཆེད་ཞིབ་ཁྱད་གསར་དང་རྣམ་གྲངས་རྐྱང་པའི་ཨང་དང་པོ་སོགས་སྤུས་ལེགས་ཁེ་ལས་3600ལྷག་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།