ཀྲུང་གོའི་གློག་བརྙན་དུས་ཆེན་སེ་ནེ་ཀལ་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཏ་ཁར་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། 2026ལོའི་སེ་ནེ་ཀལ་གྱི་ཀྲུང་གོའི་གློག་བརྙན་དུས་ཆེན་རྒྱལ་ཁབ་དེའི་རྒྱལ་ས་ཏ་ཁར་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་སྐུ་མགྲོན་100ཙམ་འགོ་ཚུགས་མཛད་སྒོར་ཞུགས་ནས། འགོ་ཚུགས་གློག་བརྙན《གཟུགས་མེད་གྲིབ་བཟོ》ཞེས་པ་བལྟས་པ་རེད།
སེ་ནེ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཀྲི་ཀང་གིས་ཤིས་ཚིག་གསུང་སྐབས། གློག་བརྙན་ནི་རྒྱལ་མཚམས་བསྒྲལ་ཞིང་། བསམ་པ་འབྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཞིག་ཡིན་པས། གློག་བརྙན་བརྒྱུད་སེ་ནེ་ཀལ་གྱི་ལྟད་མོ་བས་ཀྲུང་གོའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་། དུས་རབས་ཀྱི་ཉམས་འགྱུར། སྤྱི་ཚོགས་ཀྱི་འཚོ་བ་བཅས་དེ་བས་ཐད་ཀར་མྱོང་རོལ་ཐུབ་པའི་རེ་བ་ཡོད་ཅེས་བརྗོད་པ་རེད། སེ་ནེ་ཀལ་གྱི་རིག་གནས་དང་། ལག་ཤེས་བཟོ་ལས། ཡུལ་སྐོར་པུའུ་བཅས་ཀྱི་དཔོན་རིགས་ཧ་ཅི·ཐ་ནུར·ཉིང་གིས། ད་ཐེངས་ཀྱི་གློག་བརྙན་དུས་ཆེན་དེས་སེ་ནེ་ཀལ་གྱི་ལྟད་མོ་བས་ཀྲུང་གོའི་གློག་བརྙན་གྱི་ཕུན་སུམ་ཚོགས་པའི་རང་བཞིན་དང་། སྣ་མང་རང་བཞིན། དེང་རབས་ཀྱི་རྣམ་པ་བཅས་ཤེས་རྟོགས་བྱ་རྒྱུར་གོ་སྐབས་བཟང་པོ་ཞིག་བཏོད་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།