རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོ་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་འགྲེམས་ཚོགས་ལ་ཞུགས་པ།

ཟླ་10ཚེས་23ཉིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ཀྲུང་གོ་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་འགྲེམས་ཚོགས་སྐབས་32པ་འགོ་ཚུགས་ནས་ཉིན་3སོང་ཞིང་། འགྲེམས་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་རྒྱལ་ཁབ་ཕྱི་ནང་གི་ཚོང་པ་མང་པོ་གཅིག་རྗེས་གཉིས་མཐུད་ངང་ངོ་འཕྲད་གྲོས་མོལ་དང་ཉོ་སྒྲུབ་བྱེད་པར་སླེབས་ཡོད།
སྐབས་འདིའི་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་འགྲེམས་ཚོགས་ཀྱི་འགྲེམས་སྟོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11ཟིན་པ་དང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཁེ་ལས་2770འགྲེམས་སྟོན་ལ་ཞུགས་པ། རྒྱལ་སྤྱིའི་ཚད་ལྡན་འགྲེམས་གནས་4545བཙུགས་ཡོད། འདི་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དབྱི་ཝུའུ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ། སི་རི་ཡ་ནས་ཡོང་བའི་ཕྱི་རྒྱལ་གྱི་ཚོང་པས་དབྱི་ཝུའུ་རྒྱལ་སྤྱིའི་ཚོང་ཟོག་ཆུང་གྲས་འགྲེམས་ཚོགས་སྐབས་32པའི་ཐོག་ལྕགས་རིགས་ཡོ་བྱད་ཉོ་བཞིན་པ།
འབྲེལ་ཡོད་གསར་འགྱུར།