བོད་ལྗོངས་སྦྲ་ཆེན་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཁག་གཅིག་སྒྲིག་ཁང་དུ་སྤོས་པ།
སྦྲ་ཆེན་རྫོང་དུ་ས་ཡོམ་གྱི་ཉེན་སེལ་རོགས་སྐྱོབ་ཛ་དྲག་ངང་བྱེད་བཞིན་ཡོད་ཅིང་། ཟླ་10ཚེས་25ཉིན། གནོད་འཚེ་ཕོག་པའི་མང་ཚོགས་ཁག་གཅིག་སྒྲིག་ཁང་དུ་སྤོས་པ་དང་། རྗེས་མཐུད་བཀོད་སྒྲིག་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད་པ་རེད། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ལས་གྲྭ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀུང་སི་དེས་སྐྲུན་འགན་འཁུར་བའི་སྦྲ་ཆེན་རྫོང་དམར་རུ་ཤང་གི་འཕྲལ་སྡོམ་བཀོད་སྒྲིག་གི་སྒྲིག་ཁང་ཆ་ཚང་500སྐྲུན་འགོ་ཚུགས་པ་དང་། ཚེས་25ཉིན་བར་ཁང་པ་200ཙམ་བསྐྲུན་ཟིན་ཞིང་། སྔོན་དཔག་བྱས་ན་ཚེས་27ཉིན་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་དང་ཚེས་28ཉིན་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་སྡུད་ཐོག་སྤོ་རྒྱུ་ཡིན་པ་རེད། སྒྲིག་ཁང་གཅིག་ལ་སྨི་ངོས་གྲུ་18ཡོད་པ་དེ“དྲོད་སྲུང་བ་དང་། རླུང་འགོག་པ། དགུན་སྒྲོལ་ཐུབ་པ”བཅས་ཀྱི་ཚད་གཞི་ལྟར་བསྐྲུན་རྒྱུ་ཡིན་པ་དང་། གློག་དང་། གློག་སྒྲོན། ལྕགས་ཐབ། ཐབ་ཆས་བཅས་ཆ་ཚང་ཡོད་པ་རེད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་དམར་རུ་ཤང་གྲོང་ཚོ་གཉིས་པའི་བཀོད་སྒྲིག་བྱ་ཡུལ་གྱི་སྒྲིག་ཁང་དུ་ཚེས་25ཉིན་གྱི་ཆུ་ཚོད་20ལ་གློག་ཁྲིད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།