ལྕགས་ལམ་བརྒྱུད་ནས་དབོར་བའི་གེགས་སེལ་དངོས་ཟོག་ཁག་དང་པོ་སྟེ་ཇ་སི་ར་5000ནག་ཆུར་འབྱོར་བ།
ཟླ་10ཚེས་26ཉིན། གཡག་རྔ་གྲོང་ཁྱེར་གྱིས་ཞལ་འདེབས་བརྒྱབ་པའི་གེགས་སེལ་དངོས་ཟོག་ཁག་དང་པོ་སྟེ་ཏུན་60ཟིན་པའི་ཇ་སི་ར་5000ཁྲེང་ཏུའུ་ཏཱ་དབན་གྲོང་རྡལ་ནས་ནག་ཆུ་ལྕགས་ལམ་དོས་རར་འབྱོར་འཕྲལ་རླངས་འཁོར་ལ་བླུགས་ནས་ཡོམ་ཁུལ་སྦྲ་ཆེན་རྫོང་དུ་དབོར་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྲད་པ་རེད།
ས་ཡོམ་བརྒྱབ་རྗེས། མཚོ་བོད་ལྕགས་ལམ་ཟོག་འགྲུལ་ལྟེ་གནས་ཀྱིས་ལས་སྒྲུབ་སྟོབས་ཤུགས་སྤྱི་འདོམས་བྱས་ཐོག་དོས་རའི་བགྲོད་ལམ་དང་། འདོན་འཇུག་འཕྲུལ་འཁོར། མཚན་མོའི་གློག་སྒྲོན་སོགས་སྒྲིག་བཀོད་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ནས་ལས་སྒྲུབ་ལམ་ཐིག་ལེགས་སུ་བཏང་སྟེ་དངོས་ཟོག་མྱུར་འབེབས་ཐུབ་པར་གྲ་སྒྲིག་ཨང་བསར་བྱས་པ་རེད། དེ་དང་ཆབས་ཅིག འཕྲལ་སྡོམ་སྡེ་ཚན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ནས་དངོས་ཟོག་རྩིས་སྤྲོད་རྩིས་ལེན་དང་གཞུང་ལམ་བརྒྱུད་འདྲེན་སོགས་ཀྱི་ལས་དོན་སྔ་ས་ནས་མཐུན་སྦྱོར་ཡག་པོ་བྱས་ཏེ་བརྒྱུད་འདྲེན་བྱེད་མཁན་རླངས་འཁོར་བཀོད་སྒྲིག་བྱས་ནས་གེགས་སེལ་དངོས་ཟོག“འབབ་ཚུགས་སུ་འབྱོར་མ་ཐག་འབེབས་ཐུབ་པ་དང་ཕབ་མ་ཐག་བརྒྱུད་འདྲེན་བྱེད་ཐུབ་པར”བྱས་ཏེ་དངོས་ཟོག་བརྒྱུད་འདྲེན་གྱི“མཐའ་མའི་འགག་གནད”བསལ་བ་རེད།
ནག་ཆུ་ལྕགས་ལམ་དོས་ར་ད་ཐེངས་ཀྱི་་གེགས་སེལ་དངོས་ཟོགལྕགས་ལམ་བརྒྱུད་འདྲེན་བྱེད་པའི་ལྟེ་བའི་ལྷུ་ཚིགས་ཤིག་ཡིན་པའི་ངོས་ནས་དངོས་ཟོག་འདོན་འཇུག་དང་། བར་བརྒྱུད། རྩིས་སྤྲོད་བཅས་ཀྱི་འགག་རྩའི་ལས་འགན་ཁུར་ཡོད། ད་ཐེངས་ཀྱི་དམངས་འཚོའི་དངོས་ཟོག་ཇ་སི་ར་སྐྱེལ་འདྲེན་གྱི་ཁྱད་ཆོས་ལ་དམིགས་ནས། དངོས་ཟོག་འདོན་འཇུག་དང་བརྒྱུད་འདྲེན་བྱེད་པའི་གྲ་སྒྲིག་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ། ཇ་སི་ར་འབབ་ཚིགས་སུ་འབྱོར་འཕྲལ་ཕབ་ནས་དངོས་ཟོག་ཕུང་གསོག་མི་ཐེབས་པ་དང་ཟད་གྲོན་མི་ཡོང་བར་བྱས་ཏེ། མྱུར་ཚད་མགྱོགས་ཤོས་དང་ལས་ཕྱོད་ཆེ་ཤོས་ཀྱི་ཐོག་ནས་ཇ་སི་ར་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།