ཚ་སོབ་སོབ་ཀྱི་ཟ་མ་འདི་ལེ་དབར་སྟོང་གི་ས་ཐག་འགྲིམས་ནས་སྐྱེལ་བར་ཡོང་བ་ཞིག་རེད།
དབན་ཅིང་།
སྦྲ་ཆེན་གྱི་ས་ཡོམ་རོགས་སྐྱོབ་ཁྲོད་ཆེད་ལས་སྟོབས་ཤུགས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་མཚམས་སུ། མི་ཁག་གཅིག་རང་འགུལ་ངང་ཡོམ་ཁུལ་དུ་སྐྱོད་བཞིན་ཡོད། ཁོང་ཚོར་ལས་གོས་དང་། ཨང་རྟགས། ལས་འགན་བཅས་མེད། ཡིན་ནའང་རླངས་འཁོར་ནང་དུ་དབུགས་རྡིག་དང་། ཐུག་པ། ཅའོ་ཙེ། ཇ་སི་ར་སོགས་བླུགས་ནས་ཡོམ་ཁུལ་དུ་སྐྱོད་བཞིན་ཡོད།
ཤིན་ཅང་གི་ཨ་ཁུ་ཨ་ལི་མུའུ་ཅང·ཧ་ལི་ཁེས་མཚན་མོ་དེ་རང་དུ་ཝུའུ་ལུའུ་མུའུ་ཆི་ནས་ཐོན་ཏེ་ས་མཐོའི་ལ་དུག་ལ་མ་འཛེམས་པར་ཡུལ་མི་ཚོས་ཁ་ལག་ཚ་པོ་ཞིག་ཟ་ཐུབ་པ་ཁོ་ནའི་ཆེད་དུ་ཡོང་།
ཧོ་ནན་གྱི“གཡེང་འགྲུལ”ཀྲའོ་ཀྲན་ཧྲེང་གིས་ལྷེབ་ཐུག་གི་རྒྱུ་ཆ་ཁྱེར་ནས་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ཡོང་ཞིང་། བབ་ཆགས་པའི་རྒྱུ་མཚན་འབའ་ཞིག་ནི“ཐང་དང་ཤ་ཡོད་པའི་ཐུག་པ་གེགས་ཁུལ་དུ་འཚམ་ཤོས་རེད”ཅེས་པ་དེ་རེད།
གཞིས་རྩེའི“ལའོ་ཏུའུ་ཚང་གི་ཅའོ་ཙི་ཟ་ཁང”གི་ཏུའུ་གོ་ཕིང་གིས་ས་ཡོམ་བརྒྱབ་པའི་མཚན་མོ་དེ་རང་དུ་ཅའོ་ཙི་རྒྱ་མ་སུམ་སྟོང་ལྷག་ཙམ་འཁྱེར་ལམ་ལ་ཆས། གེགས་ཁུལ་དུ་འབྱོར་རྗེས་རོགས་སྐྱོབ་མི་སྣ་དང་མང་ཚོགས་ཚོས་ཅའོ་ཙི་ཕོར་པ་རེ་རེ་བྱས་ནས་བཙོས། མཉམ་དུ་ཡོང་མཁན་གྱི་མི་དྲུག་པོ་རླངས་འཁོར་གཅིག་གི་ནང་དུ་འཚང་ཁ་བརྒྱབ་ནས་ཉལ་བ་དང་སྟབས་བདེའི་ཐུག་པ་བཟས་ནས་ལྟོ་གོ་ཆོད་པ་བྱས།
སོག་རྫོང་གི་ནོར་བུ་དབང་ཆེན་གྱིས་ཞོགས་པ་སྔ་པོ་ནས་བོད་ཐུག་ཕོར་པ་བརྒྱ་ལྷག་ཙམ་དང་། རྩམ་པ་དང་ཇ་བསྲུབས་མ་འཁྱེར་ནས་ཡོང་། ཁོང་གིས“ང་རང་ལྟོགས་པ་ནང་བཞིན་གཞན་ཚོ་ལོས་ལྟོགས”ཞེས་བཤད།
མི་རིགས་མི་འདྲ་བ་དང་ས་ཁོངས་མི་འདྲ་བ་ནས་ཡོང་བའི་མི་རྣམས་མཚན་མོ་དེར་ཁ་ཕྱོགས་གཅིག་ལ་གཏད་ནས་ཡོང་། རྒྱུ་མཚན་ནི“ང་ཚོ་ཁྱིམ་ཚང་གཅིག་ཡིན”པས་རེད། འདི་ནི་སྔོན་མ་ནས་སུས་ཀྱང་ང་ཚོར་སློབ་མི་དགོས་པ་ཞིག་ཡིན།
སྒྲིག་འཛུགས་དང་སྐུལ་སློང་བྱེད་མཁན་མེད་པར་ཉིན་མཚན་དབྱེར་མེད་དུ་ལེ་དབར་སྟོང་ཕྲག་བརྒལ་ནས་ཡོང་། སྐད་ཆ་རྫིག་པོ་དང་ཆེན་པོ་མེད་ཀྱང་ཆེས་བབ་ཆགས་ཀྱི་བསམ་འདུན་རེ་རེ་མཚོན་པ་དེ་ནི་གང་ལས་ཀྱང་ལྷག་པ་ཞིག་རེད།
“དཀའ་གནད་ཇི་ཙམ་ཆེ་ཡང་མཉམ་དུ་ལག་གདང་སྦྲེལ་ན་དཀའ་གནད་ལས་སྒྲོལ་ཐུབ” སྐྱིད་སྡུག་མཉམ་མྱོང་གི་དྲོ་སྐྱིད་དང་ཕན་ཚུན་ལྟ་སྐྱོང་གི་སྟོབས་ཤུགས་དེ་མི་སེར་དཀྱུས་མའི་དགེ་སྒྲུབ་ཀྱི་བྱ་བ་དེ་དག་ནང་འདྲེས་ཡོད།
གནའ་སྔ་མོ་ནས་བཟུང་། ས་གཞི་འདིའི་སྟེང་གི་མི་རྣམས་ཀྱིས་འདི་ལྟར་བྱས་ནས་དཀའ་གནད་ལས་སྒྲོལ་ཐུབ་ཡོད། ཀྲུང་ཧྭ་མི་རིགས་ནམ་ཡང་ཁ་ཐོར་དུ་གཏོང་མི་ཐུབ་པ་དང་དཀའ་ངལ་ཡོད་ཚད་ལས་རྣམ་པར་རྒྱལ་ཐུབ་པའི་གསང་བ་དེ་ཅིག་བྱས་ན་སྤུན་ཟླ་སུ་ཞིག་དཀའ་ངལ་གྱི་གནས་སུ་གྱར་སྐབས། མི་དཀྱུས་མ་རེ་རེས་ལྟོ་ཆས་ཚ་པོ་ཕོར་པ་རེ་རེ་དང་། ཇ་ཕོར་པ་རེ་རེ། ལྷད་མེད་ཀྱི་ལག་ཟུང་རེ་རེའི་ནང་དུ་གབ་ཡོད་ངེས།
འབྲེལ་ཡོད་གསར་འགྱུར།