དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྦྲ་ཆེན་རྫོང་དམར་རུ་ཤང་གིས་གེགས་རྗེས་སྨན་བཅོས་འཕྲོད་བསྟེན་འགན་ལེན་ལས་དོན་ཏན་ཏིག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    ཉེ་ཆར། གེགས་རྗེས་ཀྱི་སྤྱི་པའི་འཕྲོད་བསྟེན་སྔོན་འགོག་དང་ཚོད་འཛིན་གྱི་འགག་རྩའི་དུས་བབ་ལ་དམིགས་ནས། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གིས་རིམ་ཁག་སྨན་བཅོས་སྟོབས་ཤུགས་ཕྱོགས་ཡོངས་ནས་བསྡུ་སྒྲིལ་བྱས་ཏེ་སྨན་བཅོས་སྐྱོབ་བཅོས་དང་། རིམས་འགོག་སྨན་ཁབ་རྒྱག་པ། སེམས་གསོ་གཏོང་བ། བདེ་ཐང་སྒྲོག་འགྲེལ་བྱེད་པ། ཁོར་ཡུག་དུག་སེལ་བྱེད་པ་སོགས་ཕྱོགས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་འགན་ལེན་ལས་དོན་གནད་སྨིན་སྤེལ་བ་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་གེགས་རྗེས་ཀྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་འགན་ལེན་ཏན་ཏིག་བྱས་པ་རེད།

    གེགས་རྗེས་ཆམ་རིམས་སོགས་དབུགས་ལམ་གྱི་འགོ་ནད་ཐོན་མང་བའི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱ་ཆེད། དམར་རུ་ཤང་འཕྲོད་བསྟེན་ཁང་གིས་རྒྱལ་ཁབ་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཚད་གཞི་གཞིར་བཟུང་། ཚོགས་སྤྱིའི་རང་བཞིན་གྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཁོངས་གཏོགས་ཁུལ་གྱི་ལོ་3དང་དེ་ཡན་གྱི་རིམས་འགོག་སྨན་ཁབ་བརྒྱབ་མེད་པའི་ལོ་ཚད་ལོན་པའི་མི་ཚོགས་ལ་དམིགས་ནས་གཅིག་སྡུད་ཐོག་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་འདེགས་ཞུ་བ་དང་སྔོན་བཤེར་དབྱེ་བཤེར་དང་། ཆ་འཕྲིན་ཐོ་འགོད། རིམས་འགོག་སྨན་ཁབ་ཚད་ལྡན་རྒྱག་པ། ལྟ་ཞིབ་ཚད་ལེན་གྱི་བརྒྱུད་རིམ་ཧྲིལ་པོ་ཚད་ལྡན་དུ་གཏོང་བ་བཅས་དོན་འཁྱོལ་ནན་པོ་བྱས་པ་རེད།

    གེགས་རྗེས་འཐབ་ས་དང་པོའི་སྨན་བཅོས་སྐྱོབ་བཅོས་སྟོབས་ཤུགས་ལ་ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་ཀྱི་འདེགས་སྐྱོར་ཤུགས་ཆེན་ཐོབ་ཅིང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་སྨན་བཅོས་སྐྱོབ་བཅོས་ཚོགས་ཆུང་དམར་རུ་ཤང་འཕྲོད་བསྟེན་ཁང་གི་གནས་སྐབས་སྨན་བཅོས་ས་ཚིགས་སུ་བསྐྱོད་དེ་གེགས་ཁུལ་མང་ཚོགས་ཀྱི་སྨན་བཅོས་རེ་ཞུ་ལྟར་སྨན་བཅོས་ཞབས་འདེགས་ཞུས་པ་དང་རྒྱུན་ཐོན་ནད་གཞི་དང་ཐོན་མང་བའི་ནད་གཞིར་འཕྲལ་མར་སྨན་བཅོས་བྱས་པ་རེད།

    གེགས་རྗེས་མང་ཚོགས་ཀྱི་སེམས་ཁམས་བདེ་ཐང་གི་གནད་དོན་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པས་སེམས་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་གྱི་འཐབ་ས་དང་པོར་མངགས་ཏེ་ཕྱོགས་ཡོངས་ལ་ཁྱབ་པའི་སེམས་ཁམས་རོགས་སྐྱོབ་ཞབས་འདེགས་གནད་སྨིན་ཞུས་པ་རེད། གནོད་འཚེ་ཕོག་རྗེས་མང་ཚོགས་ཁག་གཅིག་ལ་སེམས་ཁྲལ་དང་། འཇིགས་སྣང་། སེམས་མི་སྐྱིད་པ། གཉིད་ཡག་པོ་མ་ཁུག་པ་སོགས་ཐོན་པར་དམིགས་ནས་རིགས་གཅིག་མཁས་ཅན་ཚོགས་པས་གྲོང་ཚོ་དང་ཚོགས་ཆུང་ཁག་དང་དེ་བཞིན་གནས་སྐབས་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་དེ་དུད་ཚང་རེ་རེ་བཞིན་གཅིག་གཏད་གཅིག་གིས་སེམས་གསོ་གཏོང་བ་དང་རང་གསོའི་ཁྱད་ཆོས་ལྡན་པའི་སེམས་ཁམས་སྨན་བཅོས་བྱས་ཏེ་མང་ཚོགས་ཀྱི་སེམས་ཀྱི་སྡུག་བསྔལ་གནད་སྨིན་བསལ་བ་དང་གེགས་རྗེས་སེམས་ཁམས་རྨ་ཁ་གསོས་པར་བྱས་པ་རེད།

    དམར་རུ་ཤང་གིས་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་དྲ་བའི་ཐ་སྐྱོང་ནུས་པ་གང་ལེགས་བཏོན་ནས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་18ཀྱི་གྲོང་ཚོའི་སྨན་པ་36བསྡུ་སྒྲིལ་བྱས་ཏེ་འཕྲོད་བསྟེན་རིམས་འགོག་དང་བླངས་ཞབས་ཞུའི་རུ་ཁག་དང་བདེ་ཐང་སྒྲོག་འགྲེལ་དཔུང་ཁག་བཙུགས་པ་རེད། གྲོང་ཚོའི་སྨན་པ་ཡོངས་འཐབ་ས་དང་པོར་བསྐྱོད་དེ་ཁག་བགོས་འགན་གཙང་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་དུད་ཚང་དུ་བདེ་ཐང་གི་དྲིལ་བསྒྲགས་སློབ་གསོ་བཏང་བ་དང་། བདེ་ཐང་གི་ཚན་རིག་ཁྱབ་གདལ་ལག་དེབ་སྤྲད་པ། གེགས་རྗེས་འཐུང་ཆུའི་བདེ་འཇགས་དང་། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག འགོ་ནད་སྔོན་འགོག་སོགས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། རྒྱུན་རྣམ་ཅན་གྱི་སྔོན་འགོག་རང་བཞིན་གྱི་དུག་སེལ་ལས་དོན་མུ་མཐུད་སྤེལ་ཏེ་འབྱུང་རྩ་ནས་ནད་གཞི་མཆེད་པའི་ཉེན་ཁ་ཆུང་དུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།