དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་རྫས་ཁག་དང་པོ་འགྲེམས་སྟོན་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-28

    འདི་ནི་ཟླ་10ཚེས་26ཉིན་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)ནས་པར་བླངས་པའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་རྫས་ཁག་དང་པོ་འགྲེམས་སྟོན་བྱེད་པའི་མཛད་སྒོ་གཉེར་ཡུལ་ཡིན་པ།

    ཟླ་10ཚེས་26ཉིན། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་རྫས་ཁག་དང་པོ་འགྲེམས་སྟོན་བྱེད་པའི་མཛད་སྒོ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)སུ་གཉེར་བ་རེད། འགྲེམས་ཁང་དུ་འགྲེམས་སྟོན་བྱས་པའི་འགྲེམས་རྫས་ཁག་དང་པོའི་ནང་ལག་རྩལ་སྒྲིག་ཆས་དང་། སྨན་བཅོས་ཡོ་བྱད། ཞིང་ལས་བཟའ་བཅའི་ཐོན་རྫས་སོགས་ཡོད། དེའི་ནང་གི་འགྲེམས་རྫས་ཁག་གཅིག་ནི་གོ་ལ་ཧྲིལ་པོར་འགྲེམས་ཐེངས་དང་པོ་ཡིན་པ་རེད། མིག་སྔར། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པའི་འགྲེམས་སྟོན་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ནང་འདྲེན་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཁག་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།