དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྦྲ་ཆེན་རྫོང་གིས་རིམ་རྩིས་བརྒྱབ་ན་གནོད་འཚེ་ཕོག་པའི་མང་ཚོགས་12964བཀོད་སྒྲིག་གནས་སྤོ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-28

    ཚེས་26ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་གནོད་འཚེའི་འཕྲལ་སྡོམ་ཐག་གཅོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་25ཉིན་གྱི་ཆུ་ཚོད་18བར། རིམ་རྩིས་བརྒྱབ་ན་གནོད་འཚེ་ཕོག་པའི་མང་ཚོགས་12964བཀོད་སྒྲིག་གནས་སྤོ་བྱས་པ་དང་། རྨས་མ་76སྐྱོབ་བཅོས་བྱས་པ། ད་ལྟ་སྨན་ཁང་དུ་སྡོད་མཁན་ནད་པ་18ཡོད་པ་རེད། སྒྲིག་ཁང་2505འབྱོར་བའི་ནང་མིག་སྔར་སྒྲིག་ཁང་526བརྒྱབ་པ། དུད་ཚང(ཁང་པ)2840ཡི་གནོད་འཚེའི་གྱོང་གུན་ལ་དཔྱད་དཔོག་བྱས་པའི་ནང་ཞིང་པའི་སྡོད་ཁང་2201དང་སྤྱི་པའི་སྐྲུན་དངོས་ཁང་པ་639ཚུད་ཡོད་པ་དང་། དམར་རུ་ཤང་དང་གངས་ཆེན་ཤང་གི་ཞིང་པའི་སྡོད་ཁང་ཚང་མར་གནོད་འཚེའི་གྱོང་གུན་དཔྱད་དཔོག་བྱས་ཟིན་པ་རེད། 《བོད་རང་སྐྱོང་ལྗོངས་སྦྲ་ཆེན་གྱི་ས་ཡོམ་རིམ་པ་7.0གྱི་ས་གཤིས་གནོད་འཚེའི་འཕྲལ་སྡོམ་གྲལ་བཤེར་ལས་ཀའི་ཇུས་གཞི》བཟོས་ནས། ཡོམ་ལྟེའི་སྤྱི་ལེ་20ཡི་ས་གཤིས་གནོད་འཚེར་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། ལྕགས་ཐབ་3182སྤྲད་པ། གུར་4336འབྱོར་ནས་3076བརྒྱབ་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།