དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་གཟིགས་ལན་སྤྲོད་ལས་དོན་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-28

    ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་གཟིགས་ལན་སྤྲོད་ལས་དོན་ལེགས་གྲུབ་ཟིན་ཞིང་། སྐོར་གཟིགས་ལན་སྤྲོད་ལས་དོན་དེ་གཅིག་སྡུད་ལན་སྤྲོད་དང་སྐོར་གཟིགས་ཚོགས་ཆུང་གི“གཅིག་གཏད་གཅིག”གི་ལན་སྤྲོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྤེལ་བ་རེད།

    གཅིག་སྡུད་ལན་སྤྲོད་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་གཟིགས་གནས་ཚུལ་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ། སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་བཀོད་སྒྲིག་བྱས་པ་རེད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་ཀྲུང་དབྱང་སྐོར་གཟིགས་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་15ཡིས་རེས་སྐོར་འདིར་སྐོར་ཞིབ་བྱས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚན་པ་36ལ“གཅིག་གཏད་གཅིག”གི་སྒོ་ནས་སྐོར་གཟིགས་གནས་ཚུལ་སྐོར་ལན་སྤྲད་པ་རེད།

    ལན་སྤྲོད་ནང་ནན་བཤད་བྱས་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དེ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། རང་རྟོགས་ངང་ཆབ་སྲིད་དང་སྤྱི་ཡོངས་ལ་གཞིགས་ཏེ། རྣམ་འགྱུར་བརྟན་པོ་དང་ཤིན་ཏུ་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་དམིགས་བསལ་གྱི་གནས་བབ་གལ་ཆེན་བཟུང་ཡོད་པས། ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ཚང་མ་སྔོན་ལ་སྤེལ་བ་དང་མིག་དཔེ་འདོན་དགོས་ལ། དག་ཐེར་དོན་འཁྱོལ་ཐད་ལའང་མིག་དཔེ་གཏོད་དགོས། དག་ཐེར་གྱི་འགན་འཁྲི་ནན་པོ་འཁུར་དགོས་ཤིང་། དག་ཐེར་ལ་དམ་འཛིན་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པའི་སྲིད་དོན་ལས་རྗེས་ལྟ་བར་ཐད་ཀར་ཚོད་བགམ་བྱེད་པ་ཞིག་ཡིན་པས། “འགོ་གཙོ་དང་པོས”འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། དག་ཐེར་ལ་དམ་འཛིན་ཏན་ཏིག་བྱས་ཏེ། སྣེ་ཁྲིད་ནས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ་ལས་བགོས་ཁྱབ་ཁོངས་ཀྱི་དག་ཐེར་ལས་འགན་ལ་དམ་འཛིན་ནུས་ལྡན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་བརྩེ་སེམས་བཅངས་བ་དང་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་གནས་ཚུལ་གསལ་རྟོགས་བྱེད་པ། གནད་དོན་གྱི་གནད་འགག་ཡང་དག་འཚོལ་བ། དངོས་སྒྲུབ་ནུས་ལྡན་གྱི་ཐག་གཅོད་བྱ་ཐབས་སྤྱོད་པ་བཅས་བྱེད་དགོས། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་། དག་ཐེར་གོ་སྐབས་སུ་བཟུང་ནས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དཔེ་བཟང་ལས་ཁུངས་འཛུགས་གཏོད་ཧུར་ཐག་བྱེད་པ་དང“སྲུང་སྐྱོང་གཉིས”ལག་ལེན་ཡག་པོ་ཐུབ་པར་བྱེད་དགོས། དག་ཐེར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། དག་ཐེར་སླ་བཅོས་དང་དག་ཐེར་རྫུན་མར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་གྱི་ཁུངས་སྣེ་འབྱོར་བ་དང་། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།