དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་གྲུ་གཟིངས་བཟོ་སྐྲུན་གྱི་དམིགས་ཚད་ཆེན་པོ་གསུམ་ཕྱོགས་ཡོངས་ནས་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-28

    འདི་ནི་ཧྲན་ཏུང་རུང་ཁྲེང་གི་གྲུ་བཟོ་གྲྭ་ཞིག་ཏུ་གྲུ་བཟོ་སྐྲུན་བྱེད་བཞིན་པ།

    གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལེགས་གྲུབ་ཐུབ་པའི་ཐེག་ཚད་ཏུན་ཁྲི་5805ཟིན་པ་དེ་དུས་མཚུངས་ལས་50.7%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་63.6%བཟུང་ཡོད། མངགས་ཐོ་གསར་པ་བླངས་པའི་ཐེག་ཚད་ཏུན་ཁྲི་17529ཟིན་པ་དེ་དུས་མཚུངས་ལས་163.2%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་81.8%བཟུང་ཡོད། ཟླ་9པའི་ཟླ་མཇུག་བར། ལག་ཡོད་མངགས་ཐོའི་ཐེག་ཚད་ཏུན་ཁྲི་39913ཟིན་པ་དེ་དུས་མཚུངས་ལས་64.8%འཕར་ནས་འཛམ་གླིང་སྤྱི་འབོར་གྱི་72.4%བཟུང་ཡོད། རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་གྱི་དམིགས་ཚད་ཆེན་པོ་གསུམ་ཕྱོགས་ཡོངས་ནས་འཕར་བ་དང་རྒྱལ་སྤྱིའི་ཁྲོམ་རའི་ཐོབ་སྐལ་སྔོན་ལ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།