སྦྲ་ཆེན་ས་ཡོམ་གྱི་ས་ངོས་གས་རྒྱུད་རྙེད་པ།
སྦྲ་ཆེན་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས། ཟླ་10ཚེས་25ཉིན་ཀྲུང་གོ་ས་ཡོམ་ཅུས་ཀྱི་ལས་དོན་རུ་ཁག་གིས་ཡོམ་ལྟེ་དང་བར་ཐག་སྤྱི་ལེ་15ཙམ་ཆོད་པའི་ཤར་རྒྱུད་དང་དམར་རུ་ཤང་དང་བར་ཐག་སྤྱི་ལེ་20ཙམ་ཆོད་པའི་སར་ད་རེས་ཀྱི་ས་ཡོམ་གྱི་ས་ངོས་གས་རྒྱུད་ཐོག་མར་རྙེད་པ་རེད།

བརྟག་དཔྱད་བྱས་པ་ལས་མངོན་པར་གཞིགས་ན། ད་རེས་ས་ཡོམ་གྱི་གས་སྲུབས་ཀྱི་གཏིང་ཚད་རིང་ཤོས་སྨི་3.5ཙམ་དང་། གཡས་གཡོན་ལ་སྨི་0.9ཙམ་འགུལ་བ། གས་རྒྱུད་ཀྱི་ཞེང་ཚད་སྨི་8ནས་30ཙམ་ཟིན་གྱི་ཡོད། དེ་ཡང་ལྷོ་བྱང་གི་གཞོགས་གཉིས་ནས་གས་ཏེ་གངས་རིའི་སར་སླེབས་ཡོད།

འབྲེལ་ཡོད་གསར་འགྱུར།