དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རུ་ཝང་ཏའི་ཕྱི་འབྲེལ་དཔོན་གྱིས་བརྗོད་དོན།

    ཀྲུང་གོ་ནི་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་ཤོས་ཤིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-27

    རུ་ཝང་ཏའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་པུའི་རྒྱུན་ལས་དྲུང་ཡིག་ཧྥེ་ཏེ་ལི་སི·སྨི་ལུང་ཁོའོ་ཡིས་ཉེ་ཆར་འཚོགས་པའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལོ་ངོ་70”ཞེས་པའི་དྲ་ཐོག་བགྲོ་གླེང་ཚོགས་འདུར་ཀྲུང་གོ་ནི་རུ་ཝང་ཏའི་འཕེལ་རྒྱས་ཀྱི་རོགས་ཟླ་ཡག་ཤོས་ཤིག་རེད། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། སྨན་བཅོས་འཕྲོད་བསྟེན། སློབ་གསོ། ཞིང་ལས། ཚན་རྩལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱས་པ་དེས་རུ་ཝང་ཏའི་རྒྱལ་ཁབ་ཀྱི་ཕྱོགས་སྒྱུར་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད་ཅེས་བརྗོད་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་རུ་ཝང་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་རུ་ཝང་ཏའི“ཨ་ཧྥེ་རི་ཁ་དང་ཀྲུང་གོའི་དཔྱད་གཏམ”དྲ་ཚིགས་སྲོལ་གཏོད་མཁན་ཅེ་ལར་ཏེ·མུའུ་པན་ཏ་ཡིས་མཉམ་དུ་འཚོགས་པ་ཞིག་ཡིན་ཞིང་། ཀྲུང་གོ་དང་། རུ་ཝང་ཏ། ཝུ་ཀན་ཏ། ཁེན་ནི་ཡ། ལི་པེ་རི་ཡ། མ་ཏ་ཀ་སི་ཁར་སོགས་རྒྱལ་ཁབ་མང་པོའི་སྲིད་ཕྱོགས་མི་སྣ་གལ་ཆེན་དང་། སྨྱན་སྦྱོར་གྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་ཞུགས་ཡོད་པ་རེད།

    སྨི་ལུང་ཁོའོ་ཡིས། ལོ་ངོ་70ཡི་རིང་ཀྲུང་ཧྥེའི་འབྲེལ་བའི་འཕེལ་རྒྱས་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། སྨན་བཅོས་འཕྲོད་བསྟེན། སློབ་གསོ། ཚན་རྩལ། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་སུ་ཁྱབ་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཀྲུང་གོས་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་53ལ་སྒོ་ཁྲལ་མེད་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་དེང་འདིར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ཕྱིར་གཏོང་རྒྱ་ཆེར་གཏོང་བ་དང་ཁྲོམ་ར་གསར་འབྱེད་བྱེད་པར་གོ་སྐབས་བསྐྲུན་པའི་ངོས་འཛིན་བྱས་པ་རེད།

    རུ་ཝང་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀའོ་ཝུན་ཆི་ཡིས། 2026ལོ་ནི་ཀྲུང་ཧྥེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་རེད་ལ་ཀྲུང་རུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཞིག་ཀྱང་རེད། ལོ་ངོ་70ཡི་རིང་ཀྲུང་ཧྥེའི་མཛའ་གྲོགས་དེ་ཡུལ་དུས་ལས་བརྒལ་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ། ཕྱོགས་གཉིས་པོས་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་རྒྱལ་ཁབ་འཛུགས་སྐྲུན་དང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཕན་ཚུན་ལྟ་རེས་སྐྱོང་རེས་བྱས་དང་བྱེད་མུས་ཡིན། ཀྲུང་གོས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་ཧྥེའི་མི་དམངས་ལ་བདེ་རྩ་དེ་བས་མང་བ་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

    བགྲོ་གླེང་ཚོགས་འདུར་ཚོགས་ཞུགས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་སྐུ་མགྲོན་གྱིས་ཀྲུང་ཧྥེའི་མཉམ་ལས་ཀྱི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཏེ། ཀྲུང་གོ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་ནི་ཨ་ཧྥེ་རི་ཁས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་དང་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཉག་ཅིག་དེ་ཡིན་པའི་ངོས་འཛིན་བྱས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་དོན་འཁྱོལ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།