2026ལོའི་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་ཤིས་ཨན་དུ་འཚོགས་པ།
2026ལོའི་ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཚོགས་ཆེན་ཚེས་20ནས་22ཉིན་བར་ཧྲའན་ཤིས་ཤིས་ཨན་དུ་བདེ་བླག་ངང་འཚོགས་པ་རེད། གླིང་ཆེན་ལྔ་ཡི་རྒྱལ་ཁབ་61དང་། ཞིང་ཆེན་དང་ཀྲོའུ་100ལྷག་ཙམ། གྲོང་ཁྱེར་140ལྷག་ཙམ། དེ་བཞིན་ས་གནས་སྲིད་གཞུང་གི་རྩ་འཛུགས་དང་མཛའ་གྲོགས་རྩ་འཛུགས་60ལྷག་ཙམ་བཅས་ཀྱི་འཐུས་མི་ཁྱོན་700ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
ཚོགས་ཆེན་གྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་མཉམ་ཚོགས་གླེང་སྟེགས་4ཡི་ཐོག ཚོགས་ཞུགས་སྐུ་མགྲོན་ཚོས“མཛའ་གྲོགས་གྲོང་ཁྱེར་གྱི་མཉམ་ལས་མཉམ་དུ་བཏོད་ནས་གྲོང་ཁྱེར་འཕེལ་རྒྱས་མཉམ་དུ་ཇུས་འགོད་བྱེད”ཅེས་པའི་བརྗོད་དོན་གཙོ་བོ་དང་། “ནང་རྒྱས་རྣམ་པ་གོང་འཕེལ་བཏང་སྟེ་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང” “མཛེས་སྡུག་ལྡན་པའི་སྐྱེ་ཁམས་མཉམ་སྐྲུན་བྱས་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་སྤྱོད” “རིག་གནས་ཤུལ་བཞག་རྒྱུན་འཛིན་བྱས་ཏེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང” “ཚན་རྩལ་གྱིས་ཞིང་ལས་ལ་མཐུན་རྐྱེན་སྦྱོར། བློ་རིག་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད”བཅས་ཀྱི་གྲོས་དོན་ལ་དམིགས་ཏེ་སྤེལ་རེས་གཏིང་ཟབ་བྱས་པ་རེད།
མཇུག་འགྲིལ་མཛད་སྒོའི་ཐོག ཚོགས་ཆེན་གྱིས་ཀྲུང་གོ་ཕྱོགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལ“རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ”སྤྲད་ཅིང་། ཕྱི་རྒྱལ་ཕྱོགས་ཀྱི་ཞིང་ཆེན་དང་ཀྲོའུ་40ལ“ཀྲུང་གོའི་མཛའ་གྲོགས་གྲོང་ཁྱེར་གྱི་ཕུལ་བྱུང་རོགས་ཟླའི་བྱ་དགའ”སྤྲད་པ་དང་། མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་པ་དང་དངོས་སྒྲུབ་མཉམ་ལས་ཀྱི་གྲོས་ཆོད་ཁག་12ལ་མིང་རྟགས་བཀོད་པར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ས་གནས་དཔལ་འབྱོར་དང་ཚོང་དོན་ཐད་ཀྱི་མ་འཇོག་དང་། གྲོང་ཁྱེར་བཅོས་སྐྱོང་། མི་ཆོས་རིག་གནས་སྤེལ་རེས། དམངས་འཚོའི་ཞབས་ཞུ་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།
ད་ཐེངས་ཀྱི་ཚོགས་ཆེན་འདི་ནི་ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཀྲུང་གོ་རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར་མཉམ་འབྲེལ་ལྷན་ཚོགས། ཧྲའན་ཤིས་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་། ཤིས་ཨན་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་ཧྲའན་ཤིས་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱིས་མཉམ་དུ་གཉེར་འགན་འཁུར་ཡོད།
འབྲེལ་ཡོད་གསར་འགྱུར།