ཧྲང་ཧའེ་ལ་སྐབས་བཅུ་གཅིག་པའི་ལུའུ་ཅ་ཙུའེ་རྒྱལ་སྤྱིའི་ཀོག་ཧྥེའི་རིག་གནས་དུས་ཚིགས་འཁྲུག་ཆ་དོད་པ།

འདི་ནི་སྐབས་བཅུ་གཅིག་པའི་ལུའུ་ཅ་ཙུའེ་རྒྱལ་སྤྱིའི་ཀོག་ཧྥེའི་རིག་གནས་དུས་ཚིགས་ཀྱི་ས་ཡུལ་དངོས་སུ་2026ལོའི་ལུའུ་ཅ་ཙུའེ་ཡི་ཀོག་ཧྥེ་བཟོ་མཁན་གྱི་རྩལ་ནུས་འགྲན་བསྡུར་ཆེ་མོར་ཞུགས་མཁན་བདམས་ཐོན་པས་ཀོག་ཧྥེ་བཟོ་བཞིན་པ།
ཟླ་10ཚེས་19ནས་25ཉིན་བར། ཧྲང་ཧའེ་ཡི་སྐབས་བཅུ་གཅིག་པའི་ལུའུ་ཅ་ཙུའེ་རྒྱལ་སྤྱིའི་ཀོག་ཧྥེའི་རིག་གནས་དུས་ཚིགས་ལུའུ་ཅ་ཙུའེ་དབུས་ཀྱི་སྤང་ལྗོངས་སུ་ཚ་ཚ་འུར་འུར་ངང་གཉེར་བ་རེད། ད་ཐེངས་ཀྱི་བྱེད་སྒོར་གླིང་ཆེན་ལྔ་ཡི་སྤུས་རྟགས་390ལྷག་ཙམ་དང་ཕུད་འགྲེམ་ཐོན་རྫས་70ལྷག་ཙམ་ཐོག་མར་བཏོན་པ་མ་ཟད། ད་དུང“སྔ་དྲོའི་ཆུ་ཚོད་10པ་དང་དགོང་མོའི་ཆུ་ཚོད་10པ། ཉིན་མོ་ཀོག་ཧྥེ་དང་མཚན་མོ་ཆང་རག”གི་རྣམ་པ་ཐོག་མར་སྤྱད་དེ། “གྲོང་ཁྱེར་གྱི་གློ་བ”དེ“འཛམ་གླིང་གི་ཀོག་ཧྥེ་ཡི་དགའ་ཚལ”དུ་བཏོད་པར་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡོང་རྒྱུའི་ཡིད་དབང་བཀུག་ནས་ཀོག་ཧྥེའི་དྲི་ཞིམ་གང་སར་འཐུལ་བར་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།