དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲ་བརྙན་དཔེ་སྐྲུན་དངོས་པོ་ཡོངས་བསྒྲགས་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-27

    ཟླ་10ཚེས་24ཉིན་ནས་བཟུང་། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་སྒྲ་བརྙན་དཔེ་སྐྲུན་དངོས་པོ་རྒྱལ་ཁབ་ཕྱི་ནང་དུ་ཡོངས་བསྒྲགས་དང་འགྲེམས་སྤེལ་བྱས་པ་རེད། དཔེ་སྐྲུན་དངོས་པོའི་ནང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པ་དང་བསྟན་པའི་ལེའུ་60ཡོད་པའི་བརྙན་འཕྲིན་འཁྲབ་ཚན《རླབས་ཆེན་གྱི་རྒྱང་སྐྱོད》དང་། བརྙན་འཕྲིན་རིག་རྩལ་དགོང་ཚོགས《རྒྱང་སྐྱོད་ལ་བསྟོད་གླུ་འབུལ》 ལེའུ་བདུན་ཡོད་པའི་དངོས་མཚོན་གློག་བརྙན《རླབས་ཆེན་གྱི་རྒྱང་སྐྱོད》དང་། དེ་བཞིན་ལེའུ་བཅུ་གཉིས་ཡོད་པའི་དངོས་མཚོན་གློག་བརྙན《རི་ཆུ་ཁྲི་སྟོང》བཅས་ཡོད་པ་རེད།

    སྒྲ་བརྙན་དཔེ་སྐྲུན་དངོས་པོ་ཁག་དེ་དག་ཀྲུང་གོ་རྒྱལ་སྤྱིའི་བརྙན་འཕྲིན་སྤྱི་ཁྱབ་ཀུང་སིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། DVDདང་Uསྡེར་གྱི་ལམ་ནས་པར་གཞི་སྣ་ཚོགས་བཏོན་ཞིང་། རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་དང་། སྒྲ་བརྙན་ཚོང་གྲོང་། དྲ་རྒྱའི་དྲ་ཐོག་ཚོང་གྲོང་སོགས་ནས་ཁྲོམ་རར་འགྲེམས་སྤེལ་བྱས་པ་རེད།

    ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བརྩམས་ཆོས་རྩེ་གྲ་ཁག་གཅིག་ཞིབ་ཚགས་པོས་བཟོས་ནས་བསྟན་ཞིང་། ལེའུ་60ཡོད་པའི་བརྙན་འཕྲིན་འཁྲབ་ཚན《རླབས་ཆེན་གྱི་རྒྱང་སྐྱོད》ནང་། ཀྲུང་དབྱང་དམར་དམག་དང་དེ་བཞིན་ཁག་མང་པོའི་དམར་དམག་གིས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་དོན་དངོས་ཕྱོགས་ཡོངས་ནས་མངོན་པར་བྱས་ཏེ། ཕྱོགས་ཡོངས་དང་། རིམ་པ་མང་བའི་ཐོག་ནས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་པོ་ཆེ་ཡིན་པའི་རྒྱང་སྐྱོད་ཀྱི་སྐོར་མངོན་པར་བྱས་ཡོད། བརྙན་འཕྲིན་རིག་རྩལ་དགོང་ཚོགས《རྒྱང་སྐྱོད་ལ་བསྟོད་གླུ་འབུལ》ནང་རོལ་དབྱངས་ཞབས་བྲོ་དང་། གློག་བརྙན་སྒྱུ་རྩལ། ཟློས་གར་དང་གཞས་མ་གཏམ་སོགས་ཀྱི་འཁྲབ་སྟོན་གྱི་རྣམ་པ་མཉམ་འདྲེས་བྱས་ནས་རྒྱང་སྐྱོད་བརྗོད་བྱར་བྱས་པའི“བརྙན་འཕྲིན་སྒྱུ་རྩལ་གྱི་ལོ་རྒྱུས་སྙན་ངག”བརྩམས་ཡོད་པ་རེད། ལེའུ་7ཡོད་པའི་དངོས་མཚོན་གློག་བརྙན《རླབས་ཆེན་གྱི་རྒྱང་སྐྱོད》ནང་མི་དམངས་དམག་དཔུང་གིས་ཏང་གི་བཀའ་ལ་ཉན་པའི་བློ་དཀར་སེམས་དཀར་དང་ཞུམ་མེད་མདུན་སྐྱོད་ཀྱི་དཔའ་བོའི་སྙིང་སྟོབས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀུན་སེམས་གཅིག་སྒྲིལ་གྱིས་རྒྱལ་ཁབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་བརྗིད་ཉམས་ལྡན་པའི་རྣམ་པ་མཚོན་པར་བྱས་ཡོད། ལེའུ་12ཡོད་པའི་དངོས་མཚོན་གློག་བརྙན《རི་ཆུ་ཁྲི་སྟོང》ནང་དམར་དམག་གི་ཞབས་རྗེས་དེད་དེ་རྩ་ཆེའི་ཚད་ལྡན་ཡིག་ཆ་དང་། བྱེ་གཞོང་ས་བཀྲ། གྲངས་གཞིས་བསྐྱར་དུ་མངོན་པ་སོགས་ཐབས་ལམ་ནས་ལོ་རྒྱུས་དང་དོན་དངོས་མདོ་སྒྲིལ་བའི་ཁྲོད་དབྱིངས་ཞུགས་རྣམ་པས་གཟི་བརྗིད་ལྡན་པའི་ལོ་ཟླ་སླར་ཡང་མངོན་པར་བྱས་ནས། ལྟད་མོ་བ་ཚོས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེར་གོ་བ་གཏིང་ཟབ་ལོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།