དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《རྒྱལ་ཁབ་ཆ་འཕྲིན་ཅན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-27

    ཉེ་ཆར། ཀྲུང་དབྱང་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཁབ་ཆ་འཕྲིན་ཅན་གྱི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》འགྲེམས་སྤེལ་བྱས་ཏེ། མ་ལག་ཅན་དང་གཏིང་ཟབ་མོའི་སྒོ་ནས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་རྒྱལ་ཁབ་ཆ་འཕྲིན་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་པ་དང་། དེ་ནི་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཆ་འཕྲིན་ཅན་གྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད།

    འཆར་འགོད་ནང་བཏོན་དོན། 2030ལོར་སླེབས་སྐབས། རང་རྒྱལ་གྱི་ཆ་འཕྲིན་ཅན་གྱི་ལས་དོན་ལ་འཕེལ་རིམ་གལ་ཆེན་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་པ་དེ་བས་མངོན་གསལ་དོད་པོ་ཐོན་རྒྱུ་རེད། ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྔོན་ཐོན་ལེགས་ཆ་བརྟན་དུ་དང་རྒྱ་སྐྱེད་བཏང་སྟེ། སྐམ་ས་དང་། མཚོ་ཐོག མཁའ་དབྱིངས། མཁའ་དབྱིངས་གོང་མ་བཅས་ལངས་གཟུགས་ཅན་གྱི་དྲ་རྒྱའི་མ་ལག་སྤྱིར་ན་ཆགས་པ་དང་། རབས་གསར་པའི་འཕྲིན་གཏོང་དྲ་རྒྱ་ཕྱོགས་ཡོངས་ནས་བསྐྲུན་པ། རབས་དྲུག་པའི་སྒུལ་བདེའི་འཕྲིན་གཏོང(6G)ཚོང་སྤྱོད་དུས་བསྟུན་ལག་ལེན་བསྟར་བ། རྒྱལ་ཁབ་ཀྱི་ཚན་ཚན་ཕྲེང་འབྲེལ་གྱི་དྲ་རྒྱ་སྤྱིར་ན་ཆགས་པ་བཅས་བྱུང་ནས། རིག་ནུས་དྲ་རྒྱའི་བཀོད་པ་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།