ཀང་ཨའོ་ཡི་ལོ་ལྔའི་འཆར་འགོད་ལ་དམིགས་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཧྲེན་ཀྲེན་དུ་འཚོགས་པ།
ཟླ་10ཚེས་24ཉིན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་གཉེར་བྱས་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀོང་ཏུང་ཧྲེན་ཀྲེན་དུ་འཚོགས་པ་རེད། ནང་ས་དང་། ཤང་ཀང་། ཨའོ་མོན་བཅས་དང་དེ་བཞིན་ཕྱི་རྒྱལ་གྱི་སྐུ་མགྲོན་100ཙམ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས“ཀང་ཨའོ་ཡི་ལོ་ལྔའི་འཆར་འགོད་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་པ་དང་། “ཀང་ཨའོ་ཡི་ལོ་ལྔའི་འཆར་འགོད་དང་ལྟེ་བའི་འགྲན་ནུས་མཐོར་གཏོང”དང་། “གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་དང་ཀང་ཨའོ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས” “ཀང་ཨའོ་ཡི་ཐུན་མོང་མ་ཡིན་པའི་ལེགས་ཆ་བཏོན་ནས་རྒྱལ་ཁབ་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཞབས་ཞུ་བྱེད་པ”སོགས་ཀྱི་གྲོས་དོན་ལ་དམིགས་ནས་བགྲོ་གླེང་ཞིབ་ཕྲ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།