དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྩ་གཉིས་ཨང་རྟགས་གཅིག་ནས་ཁུངས་སྣེ་འདེད་ཐུབ་པ།

    རང་ལྗོངས་ཀྱི“ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་ཐོན་རྫས་623གྱིས་ས་མཐོའི་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་བརྟན་སྲུང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-27

    ཉེ་ཆར། གསར་འགོད་པར་ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་དང་གྲགས་ཁྱད་ལེགས་གསར་གྱི་ཞིང་ཟོག་ལས་སྒོའི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། ལྗོངས་ཡོངས་སུ“ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་ཐོན་རྫས་སྣ་ཁ་623ཡོད་པ་དང་། ལྗང་མདོག་སྐྱེ་ལྡན་རྟེན་གཞི་11བསྐྲུན་པ། ཞིང་འབྲོག་ལས་ཀྱི་ས་གནས་ཚད་གཞི་ཁག་354བཟོས་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས“ཐོན་ལས་སྟོབས་ཆེར་བཏང་ནས་མཁོ་སྤྲོད་ལེགས་སུ་གཏོང་བ་དང་། སྤུས་རྟགས་བཏོད་ནས་ཕན་འབྲས་ཆེ་རུ་གཏོང་བའི”དམིགས་ཚད་གཏན་འཁེལ་བྱས་ཏེ། ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། སྤུས་ལེགས་བདེ་འཇགས་ནི་ཐོག་མཐའ་བར་གསུམ་དུ་སྤུས་རྟགས་འཛུགས་སྐྱོང་གི་ལྟེ་བར་བརྩི་བ།

    ཞིང་འབྲོག་ལས་ཐོན་སྐྱེད་ཀྱི“ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཁས་ལེན་ཚད་ལོན་ལག་ཁྱེར་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཁུངས་འདེད་ཀྱི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔའི་བར་ལྗོངས་ཡོངས་སུ“ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་ཐོན་རྫས་སྣ་ཁ་623ཟིན་པ་དང་། ལྗང་མདོག་སྐྱེ་ལྡན་རྟེན་གཞི་ཁག་11བསྐྲུན་པ། ཞིང་འབྲོག་ལས་ཀྱི་ས་གནས་ཚད་གཞི་ཁག་354བཟོས་ཡོད། རང་སྐྱོང་ལྗོངས་ཀྱི་ཁུངས་འདེད་ལས་སྟེགས་དེ་ཉིད་གཉེར་སྐྱོང་བྱེད་པོ་600ལྷག་ཙམ་དང་ཐོན་རྫས་སྣ་ཁ་400ལྷག་ཙམ་ལ་ཁྱབ་ཡོད། “བོད་ཞིང་ཁུངས་འདེད”ཀྱི་བྱ་རིམ་ཆུང་ངུ་སྤྱོད་འགོ་ཚུགས་ནས་ལྷུན་གྲུབ་དང་ཆུ་ཤུར་གྱི་ཁུངས་འདེད་དཔེ་སྟོན་རྟེན་གཞི་དང་དེ་བཞིན་གཙོ་གནད་ལས་གྲྭའི་མཁོ་སྤྲོད་འགན་ལེན་གྱི་བྱེད་པོའི་ཁུངས་འདེད་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་སྡེ་ཚན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས》དོན་འཁྱོལ་ནན་པོ་བྱས་ཏེ་སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས“ཐོན་རྫས་གསུམ་དང་ཚོང་རྟགས་གཅིག”གི་སྤུས་རྟགས་རྒྱ་སྟོབས་ཆེ་རུ་བཏང་སྟེ་2027ལོར་སླེབས་སྐབས་བསྡོམས་འབོར་700ཟིན་པའི་བརྩོན་ལེན་བྱ་རྒྱུ་རེད། དེ་དང་ཆབས་ཅིག གཙོ་གནད་ལས་གྲྭའི་མཁོ་སྤྲོད་འགན་ལེན་གྱི་བྱེད་པོའི་བདེན་དཔང་ར་སྤྲོད་སྐྱེད་སྲིང་ལ་ཤུགས་སྣོན་བརྒྱབ་ནས“བོད་ལྗོངས་མིང་ཅན”གྱི་སྤུས་རྟགས་མཚན་སྙན་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཏེ། ས་མཐོའི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་མང་ཚོགས་ཀྱི་འབབ་འཕར་ལེགས་ཆར་འགྱུར་བར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།