བོད་ཀྱི་ས་ཆ་མང་པོ་ཞིག་ལ་གངས་ཆེན་པོ་འབབ་པ་འདུག དྲོ་ཇུས་ཡག་པོ་གནང་།
ཟླ་10ཚེས་25ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་གནམ་གཤིས་སྔོན་བརྡ་བཏང་ཞིང་། ཚེས་25ནས་28ཉིན་བར། རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་སྤྲིན་པ་ཉུང་བ་ནས་མང་པོ་འཁོར་བའི་གནམ་གཤིས་བསྟན་རྒྱུ་དང་། ཚེས་29ཉིན་གྱི་རྗེས་སུ་ཆར་ཆུ་འབབ་རྒྱུ་རེད། དེའི་རིང་ཚེས་29ནས་31ཉིན་བར། གཞིས་རྩེའི་ལྷོ་རྒྱུད་དང་མངའ་རིས་ཀྱི་ལྷོ་རྒྱུད་དུ་ཆར་པ(གངས)འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་དང་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་ཆེན་པོ་འབབ་རྒྱུའམ་ཁ་བ་བུ་ཡུག་འཚུབ་རྒྱུ། དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་དང་ནུབ་རྒྱུད། ཆབ་མདོའི་བྱང་རྒྱུད་ཀྱི་ས་ཆ་ཁག་གཅིག་ཏུ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོལ་རླུང་རིམ་པ་4ཙམ་འཚུབ་རྒྱུ་རེད།
གནམ་གཤིས་སྟོན་ཚུལ་གཙོ་བོ།
ཟླ་10ཚེས་25ནས་28ཉིན་བར། ཉིང་ཁྲི་དང་། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཐོལ་ཆར(གངས)རམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ།
ཟླ་10ཚེས་29ནས་31ཉིན་བར། མངའ་རིས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད་དང་། གཞིས་རྩེ། ནག་ཆུ། ལྷོ་ཁའི་ལྷོ་རྒྱུད་བཅས་ལ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ཏུ་ཆར་པ(གངས)འབྲིང་བ་ནས་ཆེ་བ་འབབ་རྒྱུ། དེའི་ནང་མངའ་རིས་ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་ཆེན་པོ་འབབ་རྒྱུ་དང་གཞིས་རྩེའི་ལྷོ་རྒྱུད་ཀྱི་ཤང་དང་གྲོང་རྡལ་ཁག་གཅིག་ཏུ་གངས་ཆེན་པོའམ་ཁ་བ་བུ་ཡུག་འཚུབ་རྒྱུ། མངའ་རིས་ཀྱི་ནུབ་རྒྱུད་དང་། ཉིང་ཁྲི། ལྷ་ས། ལྷོ་ཁའི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཐོལ་ཆར(གངས)རམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་གྱི་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ། གངས་ཆར་བབས་རྗེས་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་རེད།
ཟླ་11ཚེས་1ནས་3ཉིན་བར། ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ནག་ཆུའི་ལྷོ་རྒྱུད་དང་དབུས་རྒྱུད་དང་། ལྷ་སའི་དབུས་རྒྱུད། ལྷོ་ཁའི་དབུས་རྒྱུད་དང་ཤར་རྒྱུད་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཐོལ་ཆར(གངས)རམ་ཡང་ན་གངས་མ་ཆར་འབབ་རྒྱུ། དེ་མིན་ས་ཆ་གཞན་དག་ལ་སྤྲིན་པ་ཉུང་བ་ནས་མང་བ་འཁོར་རྒྱུ།
དེའི་རིང་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བ་རིམ་པ་7ཡས་མས་རྒྱག་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་དུ་ཐོལ་རླུང་རིམ་པ་4ཙམ་འཚུབ་རྒྱུ།
འབྲེལ་ཡོད་གསར་འགྱུར།