དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ད་རེས་ཀྱི་ས་ཡོམ་གྱི་ཞལ་འདེབས་མ་དངུལ་ཁག་དང་པོ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-10-26

    སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཞལ་འདེབས་མ་དངུལ(ཁག་དང་པོ)རྩིས་བླངས་པའི་ནག་ཆུ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་སྤྱི་བསྒྲགས།

    སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས། སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣས་ཞལ་འདེབས་ཧུར་ཐག་ཕུལ་བ་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ཉེན་སེལ་རྒུད་སྐྱོབ་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་བཞིན་ཡོད། དགེ་སྒྲུབ་ཞལ་འདེབས་དོ་དམ་ཚད་ལྡན་ནན་པོ་ཡོང་བ་དང་། ཞལ་འདེབས་ལས་དོན་ཡོངས་བསྒྲགས་དང་། ཁ་གསལ། ཚད་ལྡན་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དགེ་སྒྲུབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ལྟ་ངེད་ཐེབས་རྩ་ལྷན་ཚོགས་ཀྱིས་2026ལོའི་ཟླ་10ཚེས་23ཉིན་ནས་24ཉིན་གྱི་ཆུ་ཚོད་23:59ཡི་བར་རྩིས་བླངས་པའི་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0ལ་ཞལ་འདེབས་བརྒྱབ་པའི་མ་དངུལ(ཁག་དང་པོའི)སྤྱི་བསྒྲགས་སྤེལ་བ་གཤམ་གསལ་ཏེ།

    ཟུར་མཆན། སྤྱི་བསྒྲགས་འདིའི་ནང་ནག་ཆུ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་རྩིས་བླངས་པའི་ཞལ་འདེབས་མ་དངུལ་ཁོ་ན་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་དང་། ཐབས་ལམ་གཞན་དག་བརྒྱུད་ནས་ཞལ་འདེབས་བརྒྱབ་པའི་ཆ་འཕྲིན་ད་ཐེངས་ཀྱི་ཡོངས་བསྒྲགས་ནང་ཚུད་མེད། སྤྱི་ཚོགས་ལས་རིགས་ཁག་གིས་ས་ཡོམ་གྱི་གེགས་ཁུལ་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མུ་མཐུད་དོ་ཁུར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

    འབྲེལ་གཏུག་ཁ་པར་ཨང་གྲངས། 0896-3822198 

    ནག་ཆུ་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ནས།

    2026ལོའི་ཟླ་10ཚེས་25ཉིན། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།