དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ​ཡོམ་ཁུལ་གྱི་མང་ཚོགས་སྡོད་གནས་ལ་གློག་ཁྲིད་འདུག

  • ཡོང་ཁུངས།   བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-26

    ཟླ་10ཚེས་25ཉིན་གྱི་མཚན་མོའི་ཆུ་ཚོད་8པར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་གྲོང་ཚོ་གཉིས་པའི་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་བྱ་ཡུལ་གྱི་སྒྲོམ་ཁང་ལ་གཅིག་རྗེས་གཉིས་མཐུད་ངང་གློག་ཤར་གཏོང་ཐུབ་པ་རེད།

    གློག་ཤུགས་ལས་དོན་མི་སྣ་50ཡིས་ས་བབ་མཐོ་བ་དང་གྲང་ངར་ཆེ་བ། འགྲོ་ལམ་ཀྱག་ཀྱོག་སོགས་ཀྱི་དཀའ་ངལ་མཐའ་དག་ཁྱད་དུ་བསད་ནས། ཆུ་ཚོད་བརྒྱད་ལྷག་ཙམ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྒྲོམ་ཁང་གི་གློག་འོད་དང་དྲོད་ལེན་སོགས་གཞི་རྩའི་འཚོ་བའི་གློག་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།