དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ནུས་གསར་དང་ནུས་གཙང་སྤྱི་སྤྱོད་རླངས་འཁོར་གྱིས་བསྡུར་ཚད་99.1%བཟུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-26

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲོ་ལམ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས་ནུས་གསར་དང་ནུས་གཙང་འགྲོ་ལམ་སྐྱེལ་འདྲེན་ཡོ་བྱད་སྤྱོད་རྒྱུ་ཁྱབ་གདལ་ཧུར་ཐག་བཏང་ཡོད། ཟླ་9པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ནུས་གསར་དང་ནུས་གཙང་སྤྱི་སྤྱོད་རླངས་འཁོར་གྱིས་བསྡུར་ཚད་99.1%བཟུང་བ་དང་། ནུས་གསར་དང་ནུས་གཙང་ཡུལ་སྐོར་གླ་འཁོར་གྱིས་བསྡུར་ཚད་83.5%བཟུང་བ། འགྲུལ་ཟོག་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་ནུས་གསར་དང་ནུས་གཙང་རླངས་འཁོར་གྱི་བསྡུར་ཚད་ཤུགས་ཆེན་འཕར་ཡོད།

    ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འགྲིམ་འགྲུལརྒྱལ་ཁབ་སྟོབས་ཆེན་གྱི་སྐྱེ་ཁམས་ཤེས་དཔལ་ལག་ལེན་གྱི་དཔེ་མཚོན་གཏོད་པའི་ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ནས། ལྗང་མདོག་ཕྱིར་སྐྱོད་དང་སྤྱི་པའི་འགྲིམ་འགྲུལ་ཕྱིར་སྐྱོད་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྒྲིག་འཛུགས་ཤུགས་ཆེན་བྱས་ཏེ། སྤྱི་དམངས་ཀྱིས་སྤྱི་པའི་འགྲིམ་འགྲུལ་སོགས་ཐཱན་ཉུང་ཕྱིར་སྐྱོད་བྱེད་སྟངས་སྔོན་ལ་བདམས་ནས་ལྗང་མདོག་ཐཱན་ཉུང་གི་ཕྱིར་སྐྱོད་འདུ་ཤེས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག འགྲོ་ལམ་སྐྱེལ་འདྲེན་ཁྱབ་ཁོངས་སུ་བྱེད་ཐབས་མང་པོ་སྤྱད་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་ཀྱང་ཐོབ་པའི་ནང་། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྲོང་ཁྱེར་གྱི་སྤུས་ཚད་མཐོར་གཏོང་འཛུགས་གཏོད་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཡོད། ད་ལོའི་ཟླ་9པའི་ཟླ་མཇུག་བར། ཟི་ལིང་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཕྱིར་སྐྱོད་དྲ་བ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་46གསར་དུ་བཏོད་པ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་3200ལྷག་ཙམ་གསར་བརྗེས་དང་འཐུས་སྒོ་ཚང་དུ་བཏང་བ། སྤྱི་སྤྱོད་རླངས་འཁོར་གྱི་ཆེད་སྤྱོད་ལམ་ཐིག་སྤྱི་ལེ་102བཏོད་པ། ཟི་ལིང་གྲོང་ཁུལ་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་སྨི་500བར་ཁྱབ་ཚད་100%ཟིན་པ། སྤྱི་སྤྱོད་རླངས་འཁོར་གཉེར་སྐྱོང་ལམ་ཐག་སྤྱི་ལེ་ཁྲི་1.24ཟིན་སྟེ། མང་ཚོགས་ཕྱིར་སྐྱོད་སྟབས་བདེ་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་འཕེལ་རྒྱས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་སུ་སྤྱི་སྤྱོད་རླངས་འཁོར་གྱི་ལྟེ་གནས་དང་དེ་བཞིན་འབབ་ཚུགས་ཐོག་མ་དང་མཐའ་མ་40ལྷག་ཙམ་བསྐྲུན་ཟིན་ཏེ་སྤྱོད་འགོ་ཚུགས་པ་དང་། འགྲུལ་སྐྱེལ་ལམ་ཐིག་59བཟོས་ནས་ཤར་གཏོང་གིས་སྐྱེལ་འདྲེན་གྱི་ལས་ཕྱོད་ཆེ་རུ་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱི་རང་གཤིས་ཅན་གྱི་ཕྱིར་སྐྱོད་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།