ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཀྱི་ཉམས་མྱོང་ལས་བྱུང་བའི་བློ་སྐྱེད་ཆེན་པོ་ལྔ།

འདི་ནི་མེ་ལིན་གྲོང་ཚོའི་གྲོང་མིའི་སྡོད་ཁང་ཡིན་པ།
ད་ཆ་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཤའོ་ཧྲན་ཆུས་མེ་ལིན་གྲོང་ཚོ་ནི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བའི་དེང་རབས་ཅན་གྱི་གྲོང་གསེབ་སྡེ་ཁུལ་ཞིག་ཏུ་གྱུར་ཞིང་། དེ་གར་གྲངས་འཛིན་ལག་རྩལ་དང་། ཐོན་ལས། སྤྱི་པའི་ཞབས་ཞུ། གྲོང་གསེབ་ཀྱི་འཚོ་བ་བཅས་ཉིན་རེ་ལས་མ་འདས་པར་ཕྱོགས་བསྡུས་མ་ལག་ཅིག་ཏུ་མཉམ་འདྲེས་ཐུབ་བཞིན་ཡོད། འཕོ་འགྱུར་དེ་ལྟ་བུ་ནི་ལོ་ངོ་20ལྷག་ཙམ་སྔོན་གྱི་གཏམ་རྒྱུད་ཅིག་ལས་བྱུང་བ་ཞིག་རེད།
དེའང་2003ལོར། ཀྲེ་ཅང་ཞིང་ཆེན་ཡོངས་ཀྱིས“་དཔེ་སྟོན་གྲོང་ཚོ་སྟོང་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་ལས་གྲྭ་སྤེལ་འགོ་བཙུགས་པ་སྟེ། ལོ་ལྔ་ཡི་ནང་ཞིང་ཆེན་ཡོངས་ནས་སྲིད་འཛིན་གྲོང་ཚོ་ཁྲི་1ཙམ་བདམས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་པའི་ནང་ལྟེ་བའི་གྲོང་ཚོ་1000ཙམ་ཕྱོགས་ཡོངས་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོར་བསྐྲུན་ཞིང་། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་གི་གཞི་རྩའི་གནད་དོན་ཐག་གཅོད་བྱས་པ་ནས་མཛེས་སྡུག་ལྡན་ཞིང་མིའི་འཚོ་སྡོད་ལ་འཚམ་པའི་གྲོང་ཚོ་བསྐྲུན་པའི་བར་དང་། དེ་ནས་ཐོན་ལས་འཕེལ་རྒྱས་དང་། ལས་གཏོད་གསར་གཏོད། གྲངས་འཛིན་ཅན། སྤྱི་པའི་ཞབས་ཞུ། ལྗང་མདོག་དཔལ་འབྱོར་བཅས་དང་དེ་བཞིན་ཐུན་མོང་འབྱོར་ཕྱུག་སོགས་དེ་བས་རྒྱ་ཁྱབ་ཀྱི་དམིགས་ཚད་མངོན་འགྱུར་བྱུང་བའི་བར་ནི་ད་ཆ་མེ་ལིན་གྲོང་ཚོར་བྱུང་བའི་མིག་མཐོང་ལག་ཟིན་གྱི་འཕོ་འགྱུར་ཤ་སྟག་རེད།
ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཀྱི་གཞི་རྩའི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་དེ། གཅིག་ནི་དུས་ཡུན་རིང་པོ་འབད་བརྩོན་བྱ་རྒྱུ་དེ་ཡིན་ཞིང་། རྒྱུན་མཐུད་ཆོག་པའི་གྲོང་གསེབ་འཕེལ་རྒྱས་དེ་དུས་ཐུང་ནང་མངོན་འགྱུར་ཡོང་ཐབས་བྲལ་བ་དང་། གཉིས་ནི་རྒྱུན་མཐུད་རང་བཞིན་ཡིན་ཞིང་། ལོ་20ལྷག་ཙམ་གོང་ཀྲེ་ཅང་དུ་སྤེལ་འགོ་ཚུགས་པའི་གྲོང་གསེབ་འཕེལ་རྒྱས་ཀྱི་ཇུས་གཞི་དེ་ཀྲེ་ཅང་ཞིང་ཆེན་ཡོངས་དང་ཀྲུང་གོའི་རྒྱལ་ཡོངས་ས་གནས་ཁག་གི་འཕེལ་རྒྱས་དང་བསྟུན་ནས་དུས་བསྟུན་འཕེལ་རྒྱས་བྱུང་ཡོད། གསུམ་ནི་ཕྱོགས་བསྡུས་བྱ་སྤྱོད་སྤེལ་རྒྱུ་དེ་ཡིན་ཞིང་། འགྲོ་ལམ་དང་། ཞིང་ལས། གྲངས་འཛིན་ཅན། ཁོར་ཡུག་སྲུང་སྐྱོང་། སྤྱི་ཚོགས་ཞབས་ཞུ་སོགས་སྲིད་ཇུས་ཁྱབ་ཁོངས་མཐུན་སྦྱོར་ངང་འཁོར་སྐྱོད་བྱེད་དགོས། བཞི་ནི་དཔལ་འབྱོར་རང་རྐྱ་འཕེར་བ་ཞིག་དགོས་ཤིང་། གྲུབ་འབྲས་ཐོབ་པའི་གྲོང་ཚོ་ཞིག་ནི་མཐར་རང་གིས་རང་ལ་ཡོང་འབབ་གཏོད་ཐུབ་པའི་གྲོང་ཚོ་ཞིག་ཡིན། ལྔ་ནི་གྲོང་གསེབ་ཕྱོགས་སྒྱུར་བྱེད་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མི་རྩ་བར་འཛིན་རྒྱུ་དེ་ཡིན་ཞིང་། མི་རྣམས་ཀྱི་རྒྱུན་གཏན་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཐུབ་ཚེ་གཞི་ནས་འཕེལ་རྒྱས་ཀྱི་ཇུས་གཞི་དང་། མ་འཇོག ལག་རྩལ་བཅས་ལ་དོན་སྙིང་ལྡན་ཡོད།
—— ཧ་སག་སི་ཐན་གྱི《ཁེ་ལས་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
འབྲེལ་ཡོད་གསར་འགྱུར།