དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་ལ་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲུབ་འབྲས་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-26

    འདི་ནི་དབྱི་ཐ་ལིའི་རྒྱལ་ས་རོ་མར་ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུའུ་པིང་ཧྥང(གཡོན)ལ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་གླེང་སྟེགས་ཐོག་2026ལོའི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲུབ་འབྲས་བྱ་དགའ་ཐོབ་པའི་གནས་ཚུལ་ཡིན་པ།

    ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་དབྱི་ཐ་ལིའི་རྒྱལ་ས་རོ་མར་འཛམ་གླིང་འབྲུ་རིགས་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོ་འཚོགས་ནས། 2026ལོའི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གྲུབ་འབྲས་བྱ་དགའ་སྤྲད་པ་དང་། ཀྲུང་གོ་ཚན་རིག་ཁང་མཁའ་དབྱིངས་ཆ་འཕྲིན་གསར་གཏོད་ཞིབ་འཇུག་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་གོ་ལ་ཧྲིལ་པོའི་ཞིང་ལས་གནས་ཚུལ་ལ་རྒྱང་ཚོར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་སྟེགས་ལ་བྱ་དགའ་ཐོབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།