དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕིང་ལུའུ་མི་བཟོས་གཙང་པོ་ལས་ཀྲུང་གོའི་ལྷོ་ནུབ་ཀྱི་ཟོག་འགྲུལ་ཁྱབ་ཁོངས་བསྐྱར་དུ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-26

    འདི་ནི་ཉེ་ཆར་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆིན་ཀྲོའུ་གྲོང་ཁྱེར་ལིང་ཧྲན་རྫོང་ཅིའུ་ཀྲོའུ་གྲོང་རྡལ་དུ་ཕིང་ལུའུ་མི་བཟོས་གཙང་པོའི་ལྟེ་བའི་དུམ་བུར་གྲུ་གཟིངས་གོ་རིམ་ལྡན་པའི་ངང་གཏོང་བཞིན་པ།

    ཉེ་ཆར། ཀྲུང་གོས་ཕིང་ལུའུ་མི་བཟོས་གཙང་པོར་གྲུ་གཟིངས་དངོས་སུ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་བྱས་པ་རེད། མི་བཟོས་གཙང་པོ་དེའི་ཐོག་་ཀྲུང་གོའི་ལྷོ་ནུབ་ཀྱི་ཟོག་འགྲུལ་རྣམ་པ་སླར་ཡང་མངོན་བཞིན་ཡོད། ལྷོ་ནུབ་སྐམ་སའི་དབུས་ཁུལ་གྱི་ཆུ་བྱང་ཕྱོགས་མཚོ་ཁུག་ཏུ་ཐད་ཀར་གཏོང་ཆོག་པའི་མཚོ་ལམ་ཐོག་མ་དེ་བཏོད་ནས་ཨེ་ཤེ་ཡ་ཤར་ལྷོར་སྐྱོད་པའི་མཚོ་ཐོག་གི་ལམ་བུ་ཤར་གཏོང་ཐུབ་ཡོད།

    མི་བཟོས་གཙང་པོ་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནན་ཉིང་གྲོང་ཁྱེར་ཧེང་ཀྲོའུ་གྲོང་ཁྱེར་ཤིས་ཅིན་ཆུ་མཛོད་ཁུལ་ཕིང་ཐང་གཙང་པོ་ནས་འགོ་བཙུགས་ཏེ་ཆིན་ཅང་གཙང་པོ་བརྒྱུད་ཁ་ལྷོར་ཕྱོགས་ནས་བྱང་རྒྱུད་མཚོ་ཁུག་ཏུ་འབབ་ཀྱི་ཡོད། དེ་སྔ་ལྷོ་ནུབ་ཀྱི་ཆུ་ཐོག་སྐྱེལ་འདྲེན་དངོས་ཟོག་ངེས་པར་དུ་སྔོན་ལ་ཀོང་ཀྲོའུ་གྲུ་ཁར་དབོར་དགོས་པ་དང་དེ་རྗེས་ཕྱི་རྒྱལ་གྱི་དམིགས་སར་དབོར་གྱི་ཡོད། ཕིང་ལུའུ་མི་བཟོས་གཙང་པོ་ནས་དངོས་ཟོག་ལྷོ་ཕྱོགས་སུ་ཁག་བགོས་གཏོང་ཐུབ་པས་སྐམ་སའི་དབུས་ཁུལ་གྱི་མཚོ་ཐོག་སྐྱེལ་འདྲེན་ལམ་ཚད་སྤྱི་ལེ་560ཡན་ཐུང་དུ་ཕྱིན་ཡོད་པ་རེད།

    ཚོད་རྩིས་བརྒྱབ་པ་ལྟར་ན། ལྷོ་ནུབ་ཀྱི་དངོས་ཟོག་མི་བཟོས་གཙང་པོ་བརྒྱུད་རྒྱ་མཚོ་ལས་ཐོན་པ་དེ་སྲོལ་རྒྱུན་གྱི་ལམ་ངོས་ནས་མཚོ་ཐོག་ཏུ་སྐྱེལ་འདྲེན་བྱས་པ་དང་བསྡུར་ན་ཕྱོགས་བསྡུས་ཟོག་འགྲུལ་གྱི་མ་གནས་18%ནས་30%བར་དམའ་རུ་ཕྱིན་ཏེ། ལོ་ལྟར་སྤྱི་ཚོགས་ཀྱི་སྐྱེལ་འདྲེན་འགྲོ་གྲོན་མི་དམངས་ཤོག་སྒོར་དུང་ཕྱུར་50ལྷག་ཙམ་གྲོན་ཆུང་ཐུབ་པ་དང་ཆབས་ཅིག ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པར་འདེགས་སྐྱོར་ནུས་ལྡན་ཐུབ་ནས་ཀྲུང་གོའི་སྐམ་སའི་དབུས་ཁུལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་སྦྲེལ་མཐུད་ཐུབ་ཡོད་པ་རེད།

    —— སི་ཕེན《རྒྱལ་ཁབ་ཚགས་པར》ཐོག་སྤེལ་བའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།