ཡོམ་ཁུལ་གྱི་མཐོང་སྣང་།

འདི་ནི་ཚེས་24ཉིན་གྱི་སྔ་དྲོར། ཀྲུང་གོ་ལྕགས་ལམ་ཚོགས་པས་སྐྲུན་འགན་འཁུར་བའི་སྒྲིག་ཁང་ཁག་དང་པོ་གནོད་འཚེ་ཕོག་ཁུལ་སྦྲ་ཆེན་རྫོང་དམར་རུ་ཤང་སྐམ་ལུང་རྒལ་གྲོང་ཚོར་སྒྲིག་སྦྱོར་བྱས་ཟིན་པ།

འདི་ནི་ཚེས་24ཉིན། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་བཟོ་པས་སྦྲ་ཆེན་རྫོང་གངས་ཆེན་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་སྒྲིག་ཁང་ཚ་ལ་བརྒྱབ་ནས་སྒྲིག་སྦྱོར་བྱེད་བཞིན་པ།

འདི་ནི་ཚེས་24ཉིན། གཅེས་སེམས་བཟའ་བཏུང་ཚོང་པས་གེགས་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རིན་པ་མེད་པར་ཐུག་པ་མཁོ་འདོན་བྱེད་བཞིན་པ།

འདི་ནི་ཚེས་24ཉིན། བོད་སྐྱོར་སྨན་བཅོས་ལས་བྱེད་པས་སྦྲ་ཆེན་རྫོང་དམར་རུ་ཤང་གི་བཀོད་སྒྲིག་བྱ་ཡུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་རྨས་སྐྱོན་ཕོག་ཚུལ་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་ཚེས་24ཉིན། སྦྲ་ཆེན་རྫོང་གངས་ཆེན་ཤང་གི་མང་ཚོགས་ཚོས་གེགས་སེལ་དངོས་ཟོག་དབོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།